དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྨ་ཆུའི་སྟོད་རྒྱུད་དུ་སྐྲུན་བཞིན་པའི་གློག་འདོན་འཕྲུལ་འཁོར་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་དུ་ཆུ་གསོག་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-11-27

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་གིས་དངོས་སུ་ཆུ་སྒོ་བཀག་སྟེ་ཆུ་གསོག་འགོ་ཚུགས་པ་དེ་ཐོག་ནས་གློག་ཁང་དེའི་འཕྲུལ་ཙུའུ་ཐོག་མ་ནས་གློག་མ་བཏང་གོང་གི་གདོང་མཆོང་གི་དུས་མཚམས་སུ་དངོས་སུ་སླེབས་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མར་སྟེང་ཆུ་ཤུགས་གློག་ཁང་ནི་རྨ་ཆུའི་སྟོད་རྒྱུད་དུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་དང་གློག་འདོན་འཕྲུལ་འཁོར་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་ཞིག་རེད། ཆུ་ཤུགས་གློག་ཁང་གིས་དུས་མཚམས་གཉིས་ལ་ཕྱེ་ནས་ཆུ་གསོག་པ་སྟེ། དུས་མཚམས་དང་པོར་ཆུ་མཛོད་ཀྱི་ཆུ་ཁ་སྨི་3240བར་གསོག་དགོས་པ་དང་དེས་ལས་གྲྭར་གློག་གཏོང་བའི་ཆ་རྐྱེན་ལྡན་ཡོད། དུས་མཚམས་གཉིས་པར་ཆུ་མཛོད་ཀྱི་ཆུ་ཁ་སྨི་3240ནས་རྒྱུན་གཏན་གྱི་ཆུ་ཁ་སྨི་3275བར་གསོག་དགོས། བརྒྱུད་རིམ་ཧྲིལ་པོའི་ཆུ་གསོག་པར་དུས་ཚོད་ཉིན་270ཙམ་འགོར་གྱི་ཡོད།

    མར་སྟེང་ཆུ་ཤུགས་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་སྤྱིའི་གློག་འདོན་ཚད་ཆན་ཝ་ཁྲི་232ཟིན་གྱི་ཡོད་པ་དེ་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ནུས་རྒྱུའི་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པ་དང་། དེ་ནི་རྒྱལ་ཁབ་ཀྱིས“ནུབ་གློག་ཤར་གཏོང”དང“མཚོ་གློག་ཧོ་ནན་དུ་གཏོང་བའི”རྐང་འཛིན་གློག་ཁུངས་ས་ཚིགས་ཤིག་ཀྱང་རེད། གློག་ཁང་གིས་སྔོན་དཔག་ལྟར་ན་2024ལོའི་ཟླ་3པར་འཕྲུལ་ཙུའུ་ཐོག་མ་ནས་གློག་གཏོང་འགོ་ཚུགས་རྒྱུ་དང་2024ལོའི་ཟླ་12པར་འཕྲུལ་ཙུའུ་ཡོངས་ནས་གློག་གཏོང་རྒྱུ་རེད།

    ཆུ་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་རྗེས་སྔོན་དཔག་ལྟར་ན་ལོ་མང་གི་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་73.04ཟིན་ནས་ལོའི་གློག་སྤྱོད་ཚད་ཏུའུ་4000ཟིན་པའི་ཁྱིམ་ཚང་ཁྲི་182.5ཡི་གློག་སྤྱོད་པའི་དགོས་མཁོ་སྐོང་རྒྱུ་རེད། དེས་ན་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་220གྲོན་ཆུང་ཐུབ་ནས་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་816ཙམ་འབུད་ཚད་ཉུང་དུ་གཏོང་ཐུབ་པ་དང་དབྱང་གཉིས་མུ་སི་ཏུན་ཁྲི་3.04འབུད་ཚད་ཉུང་དུ་གཏོང་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།