མཚོ་སྔོན་གྱིས་2023ལོའི་ལོ་འཁོར་གྱི་བྱ་གཞག་ཚན་པའི་ཁྲིམས་མིའི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ས་གནས་ས་ཐོག་གི་ཞིབ་དཔྱད་ལས་དོན་ལེགས་སྒྲུབ་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བྱ་གཞག་ཚན་པའི་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་བྱ་གཞག་ཚན་པའི་སྤྱི་ཕན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཞིང་ཆེན་བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་ཅུས་ཀྱིས་ལོ་འཁོར་ལས་དོན་གྱི་འཆར་གཞི་ལྟར་2023ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་བྱ་གཞག་ཚན་པའི་ཁྲིམས་མིའི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ས་གནས་ས་ཐོག་གི་ཞིབ་དཔྱད་ལས་དོན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་གཞག་ཚན་པའི་ཐོ་འགོད་གནས་ཚུལ་ལ་གཞིགས་ནས་ལོ་འཁོར་གྱི་སྙན་ཞུ་དང་དེ་བཞིན་རྒྱུན་གཏན་གྱི་ཐོ་འགོད་དོ་དམ་ལས་དོན་གྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་ཐོ་འགོད་རྒྱུན་གཏན་རྣམ་པའི་འོག་གི་བྱ་གཞག་ཚན་པ་ཟུར་བཤེར་བྱ་ཡུལ་དུ་བྱས་ནས། བསྡུར་ཚད་3%གཞིར་བཟུང་ཟུར་བཤེར་བྱས་ཏེ་འཐེན་བཤེར་བྱ་ཡུལ་ཁྱབ་ཁོངས་མང་པོ་དང་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་དང་། བྱ་གཞག་ཚན་པ་223“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ས་གནས་ས་ཐོག་གི་ཞིབ་དཔྱད་བྱ་ཡུལ་ལ་བརྩིས་ནས་སྐབས་བསྟུན་འཐེན་བཤེར་བྱས་ཏེ། སྙན་སེང་ཉན་པ་དང་། དཔྱད་ཡིག་ལྟ་བ། རྩིས་ཐོ་བཤེར་བ། ལ་ལར་སྐད་ཆ་འདྲི་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བྱ་གཞག་ཚན་པའི་ཁྲིམས་མིའི་ཐོ་འགོད་དང་། ལོ་འཁོར་གྱི་སྙན་ཞུ། ལས་སྒོ་སྤེལ་ཚུལ་སོགས་ཀྱི་ལས་དོན་ལ་ཞིབ་དཔྱད་ཞིབ་ཕྲ་བྱས་ཡོད། འཐེན་བཤེར་བྱེད་རིང་ཁྲིམས་སྒྱུར་ཞིབ་བཤེར་མི་སྣས་ས་གནས་ས་ཐོག་ཏུ་འཐེན་བཤེར་གྱི་ཐོ་འགོད་རེའུ་མིག་བརྒྱངས་ཏེ་ཞིབ་བཤེར་གྱི་གནས་ཚུལ་ཇི་མ་ཇི་བཞིན་ཐོ་འགོད་བྱས་པ་དང་། ཞིབ་བཤེར་མི་སྣ་དང་ཁྲིམས་བཀོད་འཐུས་ཚབ་ཀྱིས་མཆན་འགོད་གཉིས་དང་ཐམ་ཀ་གཅིག་བརྒྱབ་པ་མ་ཟད། ཞིབ་བཤེར་གནས་ཚུལ་རང་སར་འཐེན་བཤེར་བྱ་ཡུལ་གྱི་བྱ་གཞག་ཚན་པར་ཚུར་ལན་བྱས་པ་རེད།
གནད་དོན་ཅུང་ཚབས་ཆེ་བ་དང་ཕྱིས་སུ་བཅོས་སྒྲིག་བྱེད་དགོས་པའི་རིགས་ལ་བྱ་གཞག་ཚན་པའི་གནད་དོན་དག་ཐེར་གྱི་རྩིས་ཁྲ་བཟོས་ནས་ལྷག་པའི་གནད་དོན་དང་དེ་བཞིན་དག་ཐེར་གྱི་དུས་ཚོད་ཁ་གསལ་བཟོས་ཏེ་དུས་བཀག་ནང་བཅོས་སྒྲིག་གནད་འཁེལ་བྱེད་པ་དང་། ཟུར་བཤེར་བྱས་ཚུལ་དང་ཞིབ་བཤེར་ཐག་གཅོད་བྱས་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་ཆ་འཕྲིན་མཉམ་སྤྱོད་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུས་ནས་བྱ་གཞག་ཚན་པའི་ཁྲིམས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ཁ་དན་ཚིག་ལ་གནས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད།