དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི“འགུགས་པ་གཉིས་དང་ནང་འདྲེན་གཉིས”ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ།

    ཟླ་9པའི་ཟླ་མཇུག་བར་འགུགས་འདྲེན་རྣམ་གྲངས་ཀྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་179.13ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-27

    གསར་འགོད་པས་བོད་རང་ལྗོངས་ཀྱི“འགུགས་པ་གཉིས་དང་ནང་འདྲེན་གཉིས”(བོད་སྐྱོར་གྱི་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས)ཀྱི་གཅིག་སྡུད་གན་རྒྱ་འཇོག་ཡུལ་ནས་ཤེས་རྟོགས་བྱས་པར། ཟླ་9པའི་ཟླ་མཇུག་བར། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བོད་སྐྱོར་ལས་དོན་རུ་ཁག་གི་རིམ་རྩིས་ལྟར་ན་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་179.13ཟིན་པ་དང་རིགས་ཁག་གི་ཤེས་ལྡན་པ་200ལྷག་ཙམ་ནང་འདྲེན་བྱས་པ་དེ་དག་སློབ་གསོ་དང་། ས་མཐོའི་སྐྱེ་ཁམས། ས་གཤིས། སྨན་བཅོས། ཞིང་འབྲོག་སོགས་ཁྱབ་ཁོངས་ལ་ཁྱབ་ཡོད་པ་རེད།

    འདི་ལོ་ཚུན་དུ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱས་ནས་གནད་དུ་སྨིན་པའི་སྲིད་ཇུས་དང་བྱ་ཐབས་སྦབ་ཆ་གཅིག་བཏོན་པ་དང་ཚོང་པར་བརྩི་འཇོག་དང་། ཚོང་པར་བརྩེ་བ། ཚོང་པ་ལྷན་འཛོམས། ཚོང་ལས་འཁྲུག་ཏུ་གཏོང་བ་བཅས་དང་ཤེས་ལྡན་པ་ནང་འདྲེན་དང་། ཤེས་ལྡན་པ་ལྷན་འཛོམས། ཤེས་ལྡན་པར་བརྩི་བཀུར། ཤེས་ལྡན་པར་དགའ་ཞེན་བཅས་ཀྱི་ཁོར་ཡུག་ཡག་པོ་ཞིག་སྔར་བས་བཏོད་ཡོད། ཚོང་འགུགས་མ་འདྲེན་ཐད། ན་ནིང་དཔལ་འབྱོར་བརྟན་པོ་ཡོང་བའི་སྐོར་གྱི“དོན་ཚན་38”དང“དོན་ཚན་29”དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་གྱི“དོན་ཚན་21”གི་སྲིད་ཇུས་དང་བྱེད་ཐབས་བཏོན་པའི་རྨང་གཞིའི་ཐོག འདི་ལོ《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་ཇུས་གཞི》མུ་མཐུད་བཏོན་ནས་སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་རྒྱུན་མཐུད་བཏང་སྟེ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་འཁོར་འབྲེལ་ཧྲིལ་པོ་དང་། དུས་འཁོར་ཧྲིལ་པོ། ཚད་ལྡན། སྟབས་བདེ། ཕན་འབྲས་མཐོ་བ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་། བོད་ཀྱི་ཁྱད་ཆོས་དང་མཐའ་མཚམས་ཀྱི་ཁྱད་ཆོས་ལྡན་པའི་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་བྱེད་པའི་ཐད། ཤེས་ལྡན་པའི་ཁུལ་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས《དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ཤེས་ལྡན་པ་ནང་འདྲེན་གྱི་སྲིད་ཇུས་དང་བྱེད་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་པའི་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་གཏོད་པ། ཤེས་ལྡན་པ་འབུར་དུ་ཐོན་པར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་ཧུར་ཐག་གཏོད་པ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ཤེས་ལྡན་པ་གཅིག་སྡུད་ཁུལ་གང་མགྱོགས་བཏོད་དེ། ཤེས་ལྡན་པའི་ཡར་སྐུལ་གསར་གཏོད་དང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།