རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་སྐྱེ་དངོས་ཀྱི་ཁྲའེ་ཡིའུ་སྣུམ་ཁྱབ་གདལ་བེད་སྤྱོད་དང་ཚོད་ལྟ་དཔེ་སྟོན་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ།
སྐྱེ་དངོས་ཀྱི་ཁྲའེ་ཡིའུ་སྣུམ་ནི་བེད་མེད་སྣུམ་ཚིལ་སོགས་སྐྱེ་ལྡན་དངོས་རྫས་རྒྱུ་ཆར་བྱས་ནས་ཐོན་སྐྱེད་བྱས་པའི་བསྐྱར་དུ་སྤྱོད་ཆོག་པའི་ནུས་རྒྱུ་ཞིག་དང་། རྒྱལ་སྤྱིས་ཁས་བླངས་པའི་ལྗང་མདོག་དྭངས་གཙང་གི་འབུད་རྫས་ཤིག་རེད། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཉེ་ཆར་བརྡ་ཐོ་བཀྲམ་ནས། སྐྱེ་དངོས་ཀྱི་ཁྲའེ་ཡིའུ་སྣུམ་ཁྱབ་གདལ་བེད་སྤྱོད་དང་ཚོད་ལྟ་དཔེ་སྟོན་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། རྒྱལ་ནང་གི་སྐྱེ་དངོས་ཀྱི་ཁྲའེ་ཡིའུ་སྣུམ་བེད་སྤྱོད་བྱེད་པའི་རྣམ་པ་རྒྱ་སྐྱེད་གཏོང་བ་དང་། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་སྲིད་ཇུས་མ་ལག་དང་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་འཛུགས་པ། དཔེ་སྟོན་གྱི་ཕན་ནུས་དང་གཞི་ཁྱོན་གྱི་ཕན་ནུས་རིམ་བཞིན་གྲུབ་པ་བཅས་བྱས་ཏེ། སྐྱེ་དངོས་ཀྱི་ཁྲའེ་ཡིའུ་སྣུམ་སོགས་ལྗང་མདོག་གཤེར་གཟུགས་འབུད་རྫས་ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བར་ཉམས་མྱོང་བསགས་ཡོད།