མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ནས་གནའ་བོའི་རོལ་དབྱངས་སློབ་གྲྭར་དར་སྤེལ་བཏང་བ།
ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་པ་ཀྲོའུ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་དར་སྤེལ་གཏོང་བའི”བྱེད་སྒོ་ཧུར་ཐག་སྤེལ་ཞིང་། པཱ་ཀྲོའུ་གྲོང་ཁྱེར་ཧྲེང་ཧྥང་གྲོང་རྡལ་ཧུང་ཀོང་སློབ་ཆུང་གིས་ས་གནས་དེ་གའི་ཁྱད་ལྡན་དམངས་སྲོལ་དང་ཟུང་འབྲེལ་བྱས་ཏེ་ཧྲེང་ཧྥང་གི་ལྒང་བཞུ་བཟོ་སྟངས་དང་། དྲག་རྩལ། གནའ་བོའི་རོལ་དབྱངས་སོགས་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ས་བོན་སློབ་མའི་སེམས་སུ་བཏབ་ཡོད།
འདི་ནི་ཧོ་པེ་ཞིང་ཆེན་པཱ་ཀྲོའུ་གྲོང་ཁྱེར་ཧྲེང་ཧྥང་གྲོང་རྡལ་ཧོང་ཀོང་སློབ་ཆུང་གི་སློབ་མས་སྐེད་རྔ་བརྡུངས་ནས་འཁྲབ་སྟོན་བྱེད་བཞིན་པ།