དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་གྲོང་རྡལ་1དང་གྲོང་ཚོ་10རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་གསུམ་པའི་མིང་ཐོར་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-27

    ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས་ཕྱི་ཕྱོགས་སུ་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་གསུམ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པར། རང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་ཤང་དང་གྲོང་རྡལ་ཁག་གསུམ་པའི་མིང་ཐོར་ཚུད་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་འོལ་པ་གྲོང་ཚོ་དང་། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་གི་དོན་གྲུབ་སྡིངས་གྲོང་ཚོ། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི་ཁྲང་དཀར་གྲོང་ཚོ་སོགས་གྲོང་ཚོ་10རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་ཁག་གསུམ་པའི་མིང་ཐོར་ཚུད་ཡོད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་གྲོང་གསེབ་བཅོས་སྐྱོང་ལས་དོན་ལ་ཕན་འབྲས་ངེས་ཅན་ཐོན་ནས་ཏང་ཨུད་ཀྱིས་གཅིག་འདོམས་དང་། སྲིད་གཞུང་གིས་བྱེད་པོ། ཁྲིམས་སྐྱོང་འཛུགས་སྐྱོང་གིས་རྨང་གཞི། གྲོས་མོལ་དམངས་གཙོས་དམ་འཛིན་བྱ་གཞི། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ཕན་ཚུན་གཞོགས་འདེགས་བཅས་བྱེད་པའི་གྲོང་གསེབ་བཅོས་སྐྱོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་མ་ལག་རགས་ཙམ་བཙུགས་པ་དང་། གྲོང་གསེབ་བཅོས་སྐྱོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་རྨང་གཞིར་བྱེད་པའི་རིན་ཐང་ལྡན་པའི་སྐྱེད་སྲིང་མ་ལག་ཆགས་པ། གྲོང་གསེབ་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཚོའི(གྲོང་ལྷན)བཅའ་ཁྲིམས་བློ་འདྲི་ནུས་ལྡན་ངང་ཁྱབ་པར་བྱས་ཏེ་ཁྲིམས་འཛིན་དམངས་ཕན་གྱི“མཐའ་མའི་འགག་གནད”བཤངས་ཡོད། དེ་དང་ཆབས་ཅིག་རང་ལྗོངས་ཀྱིས“གྲོང་ཚོ་རེར་ཉེན་རྟོག་པ་རེའི”དྲ་མིག་ཉེན་རྟོག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་དངོས་སྒྲུབ་གོ་ཆོད་ཀྱི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་ནུས་ལྡན་ཐུབ་ཡོད།

    གོམ་སྟབས་རྗེས་མར་རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་གྲོང་གསེབ་བཅོས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ནས། གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་གྱི་ལས་ཀའི་མཛུབ་ཁྲིད་དང་སྒུལ་རྣམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་གྱིས་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བར་སྐུལ་འདེད་བཏང་ནས་འཛུགས་གཏོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད། དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་དང་དང་ལེན་ཞུས་ནས། དྲིལ་བསྒྲགས་གཏོང་སྤེལ་དང་འོས་སྦྱོར་སྤེལ་རེས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་གྱི་དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གནད་དང་ཁྱོན་ལ་སྣེ་ཁྲིད་ནས་གྲོང་གསེབ་ཀྱི་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།