དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྒོ་དབྱེ་མཉམ་ལས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བསྟུན་མཁས་དང་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་འགག་རྩ་ཡིན།

    ཧན་གོར་ཡོད་པའི་ཀྲུང་གོའི་དཔལ་འབྱོར་དངུལ་རྩ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཆོན་པིང་རུའེ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ལུའུ་རུའེ་དང་། ཁྲེན་དབྱི། དབྱང་ཁྲང་།   |     སྤེལ་དུས།  2023-11-26

    ཉིན་ཤས་གོང་། ཧན་གོར་ཡོད་པའི་ཀྲུང་གོའི་དཔལ་འབྱོར་དངུལ་རྩ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཆོན་པིང་རུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དངོས་ཚན་ཁག་གིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག སྒོ་དབྱེ་མཉམ་ལས་ལ་བརྟེན་ནས་ས་ཁུལ་གྱི་བསྟུན་མཁས་དང་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་སྒུལ་ཤུགས་དེ་བས་མང་བ་སྣོན་དགོས་ཞེས་བརྗོད་པ་རེད།

    ཆོན་པིང་རུའེ་ཡིས། ཀྲུང་གོར་འཐུས་སྒོ་ཚང་བའི་བཟོ་སྐྲུན་ལས་རིགས་ཀྱི་མཁོ་སྤྲོད་འཁོར་འབྲེལ་ཡོད་པར་བརྟེན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ནང་ཀྲུང་གོའི་དཔལ་འབྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་ནི་ཐེ་ཚོམ་བྱེད་མི་དགོས་པ་ཞིག་ཡོད་ཅེས་བསྟན་པ་རེད།

    ཟླ་བཅུ་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཚོད་རྩིས་རགས་ཙམ་བརྒྱབ་པ་བརྒྱུད་2023ལོའི་དུས་ཚིགས་གསུམ་པའི་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)ལོ་གོང་མའི་དུས་མཚུངས་ལས་4.9%འཕར་ཡོད། “དེ་གཙོ་བོ་ཀྲུང་གོའི་དཔལ་འབྱོར་མུ་མཐུད་སླར་གསོ་བྱུང་བ་དང་ལེགས་སུ་ཕྱིན་པ་ལས་བྱུང་བ་ཞིག་རེད། དུས་ཚིགས་བཞི་པ་ཤར་རྗེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་ཕྱིར་གཏོང་ཐད་ཕྱོགས་ཡོངས་ནས་སླར་གསོ་ཡོང་བའི་རྣམ་པ་མངོན་ཡོད”ཅེས་དང“ཀྲུང་གོའི་ནང་མཁོ་ཆེ་རུ་ཕྱིན་པ་དེས་ཨེ་ཤེ་ཡ་རྒྱལ་ཁབ་ཀྱི་ཕྱིར་གཏོང་ལ་ཐད་ཀར་སྐུལ་ཁྲིད་བྱུང་ཞིང་། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་སླར་གསོ་དང་འཕར་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་སྔར་ལས་གལ་ཆེ་བའི་ནུས་པ་ཐོན་རྒྱུ་རེད། ཀྲུང་གོ་ཚུད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱིས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད”ཅེས་ཆོན་པིང་རུའེ་ཡིས་བརྗོད་པ་རེད།

    ཀྲུང་ཨའི་འབྲེལ་བའི་སྐོར་གླེང་སྐབས་ཆོན་པིང་རུའེ་ཡིས། ཀྲུང་ཨའི་འབྲེལ་བ་ལས་གོ་ལ་ཧྲིལ་པོའི་ས་འབྲེལ་ཆབ་སྲིད་ཀྱི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཤིང་། ཀྲུང་ཨའི་འབྲེལ་བ་བརྟན་པོ་ཡོང་བ་བྱ་རྒྱུ་དེ་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྲོས་མོལ་དང་མཉམ་ལས་བྱས་ཚེ། འཛམ་གླིང་གི་གདེང་ཚོད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཆག་པའི་གནོན་ཤུགས་་འོག དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།