མཚོ་སྔོན་ཡུལ་ཤུལ་གྱིས“གྲོང་ཚོ་སྟོབས་ཆེར་གཏོང་བའི་སློབ་ཁང”ནུས་ཤུགས་ཡོད་རྒུས་བཏོད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཞིང་འབྲོག་ཁུལ་དུ་རྩ་བ་ཚུགས་པར་སྐུལ་འདེད་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་གི“གྲོང་ཚོ་སྟོབས་ཆེར་གཏོང་བའི་སློབ་ཁང”གི་སློབ་དཔོན་ཚོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཡུལ་དུ་ནང་ཆེན་རྫོང་གི་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་ཏང་ཡོན་དང་འབྲོག་པ་མང་ཚོགས་113བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་ནང་ཧུར་ཐག་ཞུགས་ནས“ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། ང་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ‘མཐུན་སྒྲིལ་ལ་སྲུང་སྐྱོང་དང་། བརྟན་ལྷིང་ལ་སྲུང་སྐྱོང་། ཞི་བདེར་སྲུང་སྐྱོང་། དུས་བདེར་སྲུང་སྐྱོང’བཅས་ཀྱི་བྱ་སྤྱོད་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་ཤུལ་ལ་བརྩེ་བ་ཟབ་མོ་འཆང་གནང་བར་དྲིན་ལན་འཇལ་རྒྱུ་མ་ཟད། ཆབ་སྲིད་ཀྱི་ཀྲོའུ་ཆེ་མོའི་གཟུགས་བརྙན་སྔར་བས་ཡག་པོ་གཏོད་ཀྱི་ཡིན”ཞེས་བརྗོད།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་འགོ་ཚུགས་པ་ནས་བཟུང་། ཡུལ་ཤུལ་ཀྲོའུ་ཡིས་ཞིང་འབྲོག་པ་ཏང་ཡོན་གྱི་རིག་གནས་ཆུ་ཚད་མཐོ་པོ་མེད་པའི་དོན་དངོས་ཀྱི་ཞན་ཆར་དམིགས་ནས“སྒྲོག་འགྲེལ”གཙོ་བོར་བྱེད་པ་དང“གསོ་སྦྱོང”རམ་འདེགས་སུ་བྱས་ཏེ“གྲོང་ཚོ་སྟོབས་ཆེར་གཏོང་བའི་སློབ་ཁང”ཕྱོགས་ཡོངས་ནས་བཙུགས་པ་དང་། མི་སེར་གྱིས་གོ་སླ་བ་དང་དང་ལེན་བྱེད་བདེ་བའི་སྐད་ཆར་བརྟེན་ནས་སྒྲོག་འགྲེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཞིང་འབྲོག་ཁུལ་དུ་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་བ་རེད།
འོག་ནས་གོང་ལ་འོས་སྦྱོར་དང་གོང་གིས་འོག་ནས་གདམ་གསེས་ཟུང་འབྲེལ་གྱི་བྱེད་ཐབས་མཐའ་འཁྱོངས་ཀྱིས“ཁག་གཅིག་གདན་ཞུ་དང་། ཁག་གཅིག་བསྡུ་བ། ཁག་གཅིག་འདེམས་སྤྱོད”བཅས་ཀྱི་བྱེད་ཐབས་ལ་གཞིགས་ནས་སྒྲོག་འགྲེལ་དཔུང་ཁག་ལེགས་འདེམས་ཧྲག་སྒྲུག་བརྒྱབ་སྟེ། ཀྲོའུ་ཨུད་དྲིལ་བསྒྲགས་པུའི་འཆད་ཁྲིད་ཚོགས་པ་དང་། ས་མཐོའི་གདོང་ལེན་དགེ་རྒན་མཛོད། རྫོང་རིམ་པའི་ཕུལ་བྱུང་ལས་བྱེད་པ། ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི། ཤང་ཀྲང་དང་ཀྲེན་ཀྲང་། མི་རིགས་ལས་བྱེད་པ་བཅས་ཀྱི་ཁྲོད་ནས་རྐང་འཛིན་དགེ་རྒན་110བདམས་ནས་མི་བརྒྱ་ཐམ་པའི“གྲོང་ཚོ་སྟོབས་ཆེར་གཏོང་བའི་སློབ་དཔོན་ཚོགས་པ”བཙུགས་པ་རེད། ཚོགས་པའི་ནང་ཞུགས་མཁན་འཆད་ཁྲིད་དགེ་རྒན་ལ་གདན་ཞུའི་ཡི་གེ་སྤྲོད་པ་དང་། གདན་ཞུའི་དུས་བཀག་ཁ་གསལ་བཟོ་བ། ལྕག་སྐུལ་བྱ་ཐབས་བཟོ་བ། སྟབས་བསྟུན་དོ་དམ་ནན་པོ་བྱེད་པ། གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་དོ་དམ་མཐའ་འཁྱོངས་བྱེད་པ། བརྒྱུད་རིམ་ལ་ལྟ་སྐུལ་དང་དཔྱད་ཞིབ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་ཚོ་སྟོབས་ཆེར་གཏོང་བའི་སློབ་དཔོན་ཚོགས་པའི་སློབ་དཔོན་ཚོ་ཞིང་འབྲོག་པ་ཏང་ཡོན་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི“ཟུར་ཁྲིད་པ”དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི“སྒྲོག་འགྲེལ་པར”འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།