ཞིབ་བཤེར་ཐེངས་གསུམ། བཅོས་སྒྲིག་ཐེངས་གཅིག དུས་ཐོག་ཏུ་ཕན་འབྲས་ལ་ལྟ་སྐུལ།
ནག་ཆུ་གྲོང་ཁྱེར་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དག་ཐེར་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་ལ་དམིགས་པ་དང་། མཉམ་དུ་འགག་སྒྲོལ། རྣག་ཐོག་བཙག་འཁེལ་གྱིས་གནད་དོན་དག་ཐེར་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གནད་དོན་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤུས་ཚད་མཐོན་པོས་སྤེལ་ཡོད།
ཞིབ་བཤེར་ཐེངས་གསུམ་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས་ཐབས་ལམ་སྣ་ཚོགས་སྤྱད་ནས“ཕྱོགས་ཡོངས་ལ་ཞིབ་བཤེར”མཐའ་འཁྱོངས་ཀྱིས་གནད་དོན་ཆུང་ཙག་ཐག་གཅོད་ནས་འགོ་བཙུགས་ཏེ“གཞི་རིམ་གྱི་བཅོས་སྐྱོང་ཉམས་ཞན”དང་། “དཔལ་འབྱོར་འཕར་ཚད་འགོར་བ” “ཐོན་ལས་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ” “ལས་ཞུགས་ཀྱི་དཀའ་ངལ”སོགས་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཡོད། གནད་དོན་འཚོལ་བཤེར་མཐའ་འཁྱོངས་བྱས་ནས“གཞི་རིམ་དུ་བསྐྱོད་དེ་གནས་ཚུལ་ཉན་པ་དང་། བསྐོངས་ནས་ཤོད་དུ་འཇུག་པ། དམངས་འཚོར་བརྟག་དཔྱད”སོགས་ཀྱི་བྱེད་ཐབས་སྤྱད་པ་མ་ཟད། མང་ཚོགས་ཀྱི་རེ་བ་གསལ་རྟོགས་དང་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱ་ཡུལ་བསྡུ་རུབ་བྱས་པས། ཁག་དང་པོའི་གནད་དོན་འཚོལ་བཤེར་དག་ཐེར་ཁྲོད་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་གྱིས་75%ཡན་ཟིན་ཡོད། “བསྟུད་མར་ཞིབ་བཤེར”གྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་སྔ་རྗེས་སུ་གྲོང་ཁྱེར་དང་རྫོང་གི“ཚན་ཁག་ཆེན་པོ་བཞི”དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་སྟེ“ཁང་གཉིས”ཀྱི་འགོ་ཁྲིད་ཚན་ཁག གྲོང་ཁྱེར་ཐད་གཏོགས་ཚན་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་སོགས་ཀྱི་ཁྲོད་དུ“གནད་དོན་གསལ་རྟོགས་དང་། ཞན་ཆ་གྲལ་བཤེར། མི་མངོན་པའི་རྐྱེན་ངན་གྲལ་བཤེར”བཅས་བྱས་པ་བརྒྱུད་རིགས་ཁག་གི་གནད་དོན་ཁྱོན་486རང་བཤེར་ཐུབ་ཡོད་ལ། གཞི་རིམ་བཅོས་སྐྱོང་ཐད་ལྷག་པའི་སྣང་ཚུལ་མི་ལེགས་པ་49བཤེར་འདོན་ཐུབ་ཡོད། ཞིབ་དཔྱད་ཐེངས་མང་བྱས་ཏེ་འཚོལ་བཤེར་ཐུབ་པའི་གནད་དོན་རེ་རེ་བཞིན་དབྱེ་བཤེར་བྱས་པ་དང་ཞིབ་བསྡུར་གྱི་འགག་སྒོ་ནན་པོ་བསྲུངས་ནས་གནད་དོན་འཚོལ་བཤེར་གནད་ལ་མི་འཁེལ་བ་དང་དོན་དངོས་དང་མི་འཚམ་པ་དང་། དམིགས་ཚད་བྱེད་ཐབས་ཁ་གསལ་མེད་པ། བྱེད་ཐབས་དང་དམིགས་ཚད་ཟང་ཟིང་སོགས་ལ་དག་ཐེར་བྱེད་དགོས་པའི་བསམ་འཆར་བཏོན་ཡོད། རིམ་རྩིས་བྱས་ན། གནད་དོན་གྱི་གསལ་ཐོ་20ལྷག་ཙམ་ཕྱིར་བསློགས་པ་དང་གནད་དོན་འཚོལ་བཤེར་གྱི་གསལ་ཐོ་30ལྷག་ཙམ་ཡོ་བསྲང་བྱས་ཏེ་གནད་དོན་འཚོལ་ཞིབ་གནད་འཁེལ་དང་། བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ། དམིགས་ཚད་གནད་ལ་འཁེལ་བ། དུས་བཅད་ནང་ཐག་གཅོད་ཐུབ་པ་བཅས་བྱས་ཡོད།
བཅོས་སྒྲིག་ཐེངས་གཅིག་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་དང་། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཡག་པོ་མ་བྱུང་བ། གྲོང་ཁུལ་དུ་རླངས་འཁོར་འཇོག་དཀའ་བ། སྐར་ཁུང་ཚན་པས“བྱ་བ་སྒྲུབ་དཀའ་བ”ལས་བྱེད་པ་ཁག་གཅིག་གིས“སྐྱིད་ཉལ”རྒྱག་པ། སློབ་གྲྭའི་བདེ་འཇགས་དང་ལམ་ལུགས་རྙིང་པ་གཙང་སེལ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་བྱ་ཐབས་དངོས་བཏོན་པ་མ་ཟད། དག་ཐེར་བཅོས་སྒྲིག་གི་ཇུས་གཞི་19བཟོས་ནས་འགན་འཁྲི་གཙོ་བོ་འཁུར་མཁན་གྱི་སྡེ་ཚན་དང་། གཞོགས་འདེགས་ཚན་པ། འགན་འཁུར་བ། དག་ཐེར་གྱི་དུས་བཅད་བཅས་ཁ་གསལ་བཟོས་པ་དང་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་མཉམ་འགུལ་བྱས་ནས་རྣག་ཐོག་བཙག་འཁེལ་དང་མཉམ་ཤུགས་འགག་སྒྲོལ་ལ་བརྟེན་ནས་དག་ཐེར་ལ་དམ་འཛིན་བྱས་ཡོད།
དུས་ཐོག་ཏུ་ཕན་འབྲས་ལ་ལྟ་སྐུལ་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས་རྫོང་རིམ་པའི་བློ་མཐུན་གྱིས་ཙུའུ་ཀྲང་གི་འགན་འཁུར་བ་དང་རྫོང་རིམ་པ་གཞོན་པའི་བློ་མཐུན་གྱིས་ཙུའུ་ཀྲང་གཞོན་པའི་འགན་འཁུར་བ། སྒྲིག་བཤེར་དང་། རྩ་འཛུགས། རྫོང་དང་ཆུས་ཁག་གི་ལས་དོན་པ་བཅས་ཀྱིས་ཁོངས་མི་བྱས་པའི་དག་ཐེར་བཅོས་སྒྲིག་ཚོགས་ཆུང་བཙུགས་ནས་གནད་དོན་གྱི་གསལ་ཐོའི་ནང་གི་སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་ལ་དམ་པོར་དམིགས་ཏེ“སྲིན་པོ་རིའི་བཀོད་སྒྲིག་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁང་དུ་གློག་སྐས་སྤྱོད་མི་ཐུབ་པ”དང་། “ཨ་མདོ་རྫོང་རྒྱལ་ཁབ་གློག་དྲའི་དམངས་ཕན་སྲིད་ཇུས་ཀྱི‘མཐའ་མའི་འགག་གནད’ཤར་གཏོང་མི་ཐུབ་པ” “ནག་ཆུ་གྲོང་ཁུལ་གྱི་འགྲིམ་འགྲུལ་ལམ་སྒྲོན་ཁག་གཅིག་ལ་སྐྱོན་ཤོར་བ”སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། དག་ཐེར་གྱི་གནད་དོན་རེ་རེ་བཞིན་བསྒྲུབས་ནས་ཕྱི་ཚུལ་གྱི་སྣང་ཚུལ་སོགས་མཐའ་གཅིག་ཏུ་གཏན་འགོག་བྱས་པ་རེད།