ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ལི་ཀན་ཅེ་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ལི་ཀན་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཅང་ཤིན་ཀྲི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་དང་ཞིང་ཆེན་རིམ་པའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལྟ་སྐུལ་ནན་པོ་དང་མཛུབ་ཁྲིད་ཏན་ཏིག་སྔར་བས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་གནད་ལ་འཁེལ་བ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། བྱ་ཐབས་བཅས་སྟངས་འཛིན་ནན་པོ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་ཡང་དག་བརྒྱུད་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་བའི་འགན་ལེན་བྱེད་དགོས་པ། གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཚན་པས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ལྟ་སྐུལ་དང་། འབྲེལ་གཏུག མཛུབ་ཁྲིད་བཅས་བྱེད་དགོས་པ། བྱེད་ཐབས་ལ་སྣང་ཆེན་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ཚུལ་མིན་ཕྱོགས་ལྷུང་ལ་དམ་པོར་དམིགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལྟེ་བའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་དང“ཐ་དད་དུ་འགྱུར་བ”མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ། སྤྱི་འདོམས་མཐུན་སྦྱོར་ལ་སྣང་ཆེན་བྱས་ནས་འབྲེལ་མཐུད་མཉམ་སྒུལ་ཡག་པོ་བྱས་ཏེ་སྤུས་ཚད་མཐོ་བའི་ལྟ་སྐུལ་མཛུབ་ཁྲིད་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤུས་ཚད་མཐོ་པོས་སྤེལ་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
ཀྲུང་དབྱང་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་། སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།