དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དང་པོ་ཚང་མ་ལྟ་བཤེར་བྱ་ཡུལ་དུ་བཅའ་སྡོད་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-25

     ཚེས་23ཉིན་གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དང་པོའི་ཚོགས་ཆུང་5ཚང་མ་ལྟ་བཤེར་བྱ་ཡུལ་དུ་བཅའ་སྡོད་ཟིན་ནས་ཧྥུའུ་ཅན་དང་། ཧོ་ནན། ཧའེ་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་5ལ་ལྟ་བཤེར་ལས་དོན་སྤེལ་རྒྱུ་རེད།

    བཅའ་སྡོད་སྐུལ་སློང་ཚོགས་འདུའི་ཐོག་ལྟ་བཤེར་ཚོགས་ཆུང་ཁག་གིས་བརྗོད་དོན། ལྟ་བཤེར་བྱེད་རིང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་དང་། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་སྒྱུར་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“མཐོ་གཉིས་དམའ་གཅིག”གི་རྣམ་གྲངས་རྨོངས་ཚོད་ངང་ལག་བསྟར་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་རྗེས་ལུས་ཐོན་ནུས་དོར་བའི་གནས་ཚུལ། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་རིང་གི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན། སྐྱེ་ཁམས་གཏོར་སྐྱོན་ཚབས་ཆེན་དང་། ཁོར་ཡུག་སྦགས་བཙོག སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དང་དེ་བཞིན་ཐག་གཅོད་བྱས་ཚུལ་བཅས། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་རྒྱུག་གནས་ཚུལ། དེ་གོང་ལྟ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ། མི་དམངས་མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད“ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱས་ཚུལ་སོགས་ལ་གཙོ་གནད་ཐོག་ལྟ་བཤེར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ལས་ཀའི་བཀོད་སྒྲིག་གཞིར་བཟུང་རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་དང་པོའི་བཅའ་སྡོད་དུས་ཡུན་ཟླ་བ་གཅིག་ཡིན་ཞིང་། བཅའ་སྡོད་བྱེད་རིང་ལྟ་བཤེར་ཚོགས་ཆུང་ཁག་གིས་ཆེད་མངགས་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ནས་ལྟ་བཤེར་བྱ་ཡུལ་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡིག་བསྐུར་དང་། ཁ་པར། ཡིག་འབུལ་ཞུ་བཅར་བཅས་ཀྱི་ཐེར་འདོན་དང་ལེན་བྱེད་པ་དང་ཐེར་འདོན་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་8:00ནས་20:00བར་ཡིན་པ་རེད། ལྟ་བཤེར་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས་སྒྲིག་ཁྲིམས་ཀྱི་བླང་བྱ་ལག་བསྟར་ནན་པོ་བྱས་ནས་ལྟ་བཤེར་བྱ་ཡུལ་ས་གནས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་རེད། རྗེས་མཐུད་ལས་དོན་ཁྲོད་ཀྲུང་དབྱང་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་སྔར་བས་ཡང་དུ་གཏོང་བ་དང་། གོ་རིམ་སྟབས་བདེ་རུ་གཏོང་བ། བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ནས་ལྟ་བཤེར་ལས་དོན་གྱི་གནད་སྨིན་རང་བཞིན་དང་དམིགས་སའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་གོ་རིམ་ལྡན་ལ་ནུས་ལྡན་ངང་ལྟ་བཤེར་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།