དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བྷེ་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་བརྗོད་དོན།

    རྒྱལ་སྤྱིའི་དམག་དོན་ཚོད་འཛིན་ལམ་སྲོལ་ལ་རྐང་བཙུགས་ནས་གཏོར་བཤིག་བཏང་ཡོད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-25

    ཟླ་11ཚེས་22ཉིན། མཉམ་སྡེབ་བདེ་འཇགས་ཆིངས་ཡིག་རྩ་འཛུགས(མཉམ་སྡེབ་བདེ་འཇགས་རྩ་འཛུགས)ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་དང་། འགོག་སྲུང་པུའི་ལས་འཛིན་ལྷན་ཚོགས། བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཨུ་ཡོན་ལྷན་ཁང་བཅས་ཀྱི་མཉམ་འབྲེལ་ཚོགས་འདུ་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་རུ་འཚོགས་པ་རེད། ཉིན་དེར་མཉམ་སྡེབ་བདེ་འཇགས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་བྷེ་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ཨ་ལེ་དབྱི་ཉི་ཁེ་ཡིས། རྒྱལ་སྤྱིའི་དམག་དོན་ཚོད་འཛིན་ལམ་སྲོལ་ལ་རྐང་བཙུགས་ནས་གཏོར་བཤིག་བཏང་ཡོད། དཔེ་གསར་ཤོས་ནི་བྱང་ཆིངས་རྩ་འཛུགས་ཀྱིས《ཡོ་རོབ་ཀྱི་རྒྱུན་གཏན་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག》ནང་གནས་སྐབས་ཞུགས་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ཡིན་ཞེས་བརྗོད་པ་རེད།

    འདི་ནི་ཉིན་དེར་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་ནས་པར་བླངས་པའི་མཉམ་འབྲེལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།