ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་གིས་བརྗོད་དོན།
འདི་ལོ་ཨུ་རུ་སུའི་དམག་གྲུས་སྐོར་གཡེང་ཐེངས་50ལྷག་ཙམ་བྱས་ནས་བྱང་ཆིངས་ཀྱི་མཚོ་དམག་ལ་བཀག་སྡོམ་བྱས་པ་ཡིན།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་འདི་ལོ་ཨུ་རུ་སུའི་དམག་གྲུས་སྐོར་གཡེང་ཐེངས་50ལྷག་ཙམ་བྱས་ནས་བྱང་ཆིངས་ཀྱི་མཚོ་དམག་ལ་བཀག་སྡོམ་བྱས་པ་ཡིན་ཞེས་བརྗོད་པ་རེད།
ཧྲའོ་དབྱི་ཀུའུ་ཡིས་ཉིན་དེར་འཚོགས་པའི་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་འདི་ལོ་ཨུ་རུ་སུའི་དམག་གྲུས་འཛམ་གླིང་གི་རྒྱ་མཚོར་སྐོར་གཡེང་ཐེངས་50ལྷག་ཙམ་བྱས་པ་དང་མཚོ་འགྲུལ་ཧའེ་ལི་ཁྲི་20ལྷག་ཙམ་ལ་བསྐྱོད་དེ་བྱང་ཆིངས་ཀྱི་མཚོ་དམག་དཔུང་སྡེར་བཀག་སྡོམ་བྱས་པ་ཡིན། གཞན་ཡང་། ཨུ་རུ་སུ་དང་ཕྱི་རྒྱལ་གྱིས་འཛམ་གླིང་གི་རྒྱ་མཚོའི་མཚོ་ཁོངས་གལ་ཆེན་ལ་མཉམ་འབྲེལ་སྐོར་གཡེང་ལས་དོན་སྔར་བཞིན་སྤེལ་གྱི་ཡོད་ཅེས་བརྗོད་པ་རེད།