དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པས“རི་གྲོང་ཆུང་ཆུང”མཛེས་ལྗོངས་ཆེན་པོར་གྱུར།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-25

    ཉེ་བའི་ལོ་ཤས་རིང་། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཅིན་ཁྲོན་རྫོང་གིས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཞིང་། “ཇུས་བཀོད་མཛེས་པ་དང་། ཐོན་ལས་མཛེས་པ། ཁོར་ཡུག་མཛེས་པ། འཚོ་བ་མཛེས་པ། གོམས་སྲོལ་མཛེས་པ”བཅས་མཛེས་པ་ལྔ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་གྱི་ཚད་གཞི་གཞིར་བཟུང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར་སྦྲེལ་ཚིགས་གསར་གཏོད་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད།

    འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཅིན་ཁྲོན་རྫོང་ཁོ་ཨེར་ཤང་ཏེ་ཧྲེང་གྲོང་ཚོ་ཡིན་ཞིང་། མཐོ་དམའ་མི་འདྲ་བའི་བོད་བཟོའི་སྡོད་ཁང་རི་ཀླུང་ཀུན་ཏུ་ཁྱབ་པའི་ནགས་ཁྲོད་དུ་བསྐྲུན་ཏེ། ལྷ་ཡུལ་དུ་སླེབས་པ་ལྟར་གྱི་ལྟ་བས་མི་ངོམ་པའི་གྲོང་གསེབ་ཀྱི་མཛེས་ལྗོངས་ཤིག་གྲུབ་པ་རེད།

    འདི་ནི་མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཚོའི་བསིལ་ཁང་ནང་ས་ཆ་དེ་གའི་ཡུལ་མིས་ཕ་ཡུལ་གྱི་འཕོ་འགྱུར་གླེང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།