དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཝུའུ་ལམ་རྫོང་གིས་དོ་དམ་ཞབས་ཞུའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་ཕྱོགས་མི་ཏང་ཡོན་ལ་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད“སེམས་པ་བརྟེན་ས་ཡོད་པར”བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-25

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་གིས་ཕྱོགས་མི་ཏང་ཡོན་གྱི་སློབ་གསོ“རྗེས་མི་ཟིན་པ”དང་དོ་དམ“ཡག་པོ་མི་ཐུབ་པ”སོགས་ཀྱི་གནད་དོན་ལ་དམིགས་པ་དང་། ཕྱོགས་མི་ཏང་ཡོན་གྱི་དོ་དམ་ཞབས་ཞུའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། ཚན་རིག་དང་མཐུན་པར་དོ་དམ་དང་ནུས་པ་འདོན་སྤེལ་སོགས་ཐད་ཕྱོགས་མི་ཏང་ཡོན་དང་ཏང་རྩ་འཛུགས་ཀྱི“སེམས་འབྲེལ་ཟམ་པ”འཛུགས་པ་མཐའ་འཁྱོངས་བཅས་བྱས་ཏེ་ཕྱོགས་མི་ཏང་ཡོན“ཕ་ཡུལ་ནས་བྲལ་ཡང་ཏང་དང་མི་བྲལ་བ་དང་། ཕྱིར་སྐྱོད་ཀྱང་སློབ་གསོ་མཚམས་མི་ཆད་པ། ཁྱིམ་དང་བྲལ་ཡང་སེམས་པ་བརྟེན་ས་ཡོད་པ”བཅས་འགན་ལེན་བྱས་ཡོད།

    ཝུའུ་ལམ་རྫོང་གིས“དུས་རྒྱུན་དུ་འཚོལ་བསྡུ་དང་། གཅིག་སྡུད་འཚོལ་བསྡུ། ཟླ་རེར་ཕྱོགས་སྡོམ། དུས་ཚིགས་རེར་གསར་སྒྱུར”བཅས་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱེད་སྟངས་སྤྱད་པ་དང་། དྲ་ཕྱིར་གྲོང་ཚོ་ཁག་གི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སོགས་བྱེད་སྒོ་སྤེལ་ཡུལ་དང་དེ་བཞིན་གྲོང་རྡལ་གྱིས་མངགས་པའི་གྲོང་ཚོ་རིམ་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་དུད་ཚང་དུ་བཅར་འདྲིར་སྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རིམ་པ་དབྱེ་ནས་ཕྱོགས་མི་ཏང་ཡོན་གྱི་རྒྱུན་སྡོད་ས་གནས་དང་ཏང་ཡོན་རང་ཉིད་ཀྱི་འབྲེལ་གཏུག་ཆ་འཕྲིན་ལ་རིམ་པ་བཞིན་ཐོ་འགོད་དང་ཞིབ་བསྡུར་ཞིབ་ཕྲ་བྱས་པ་རེད། དྲ་ཐོག་ནས་སྐད་འཕྲིན་སོགས་ཀྱི་ལས་སྟེགས་སྤྱད་དེ་ཕྱོགས་མི་ཏང་ཡོན་གྱི་ཐེམ་ཁོངས་གནས་ས་དང་ལས་ཀ་བྱ་ཡུལ་གྱི་ཏང་རྩ་འཛུགས་དང་འབྲེལ་གཏུག་གིས་ཕྱོགས་མི་ཏང་ཡོན་གྱི་གཞི་རྩའི་ཆ་འཕྲིན་མཐིལ་རྟོགས་བྱས་ཏེ“གྲོང་ཚོ(སྡེ་ཁུལ)རེར་རེའུ་མིག་རེ”དང“གྲོང་རྡལ་རེར་ལག་དེབ་རེ”སོགས་འགུལ་རྣམ་དོ་དམ་གྱི་རྩིས་ཁྲ་བཟོས་ཡོད།

    “དྲ་ཕྱི+དྲ་ཐོག”ཟུང་འབྲེལ་གྱི་སློབ་སྦྱོང་བྱེད་སྟངས་ཁྱབ་གདལ་བཏང་ཞིང་། དྲ་ཕྱིར་ཝུའུ་ལན་རྫོང་ཁོ་ཁོ་གྲོང་རྡལ་གྱིས“གཅིག་རྒྱུན་གཅིག་འཛིན། བྱེ་རོང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ཏང་འཛུགས་སྐྱོང་མནའ་འབྲེལ་གཞི་རྟེན་བྱེད་པ་དང་མནའ་འབྲེལ་ཚན་པའི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཀྲི་པུའུ་མཉམ་འབྲེལ་སློབ་སྦྱོང་དང་། ཏང་ཡོན་གྱིས་སྣེ་ཁྲིད་ནས་སློབ་སྦྱོང་། ས་གནས་ས་ཐོག་ཏུ་ལྟ་སྦྱོང་བཅས་ཀྱི་རྣམ་པའི་ཐོག་ནས་མཉམ་སྦྱོང་མཉམ་འགུལ་བྱས་པ་རེད། དྲ་ཐོག་ནས་མཐོན་པོ་གྲོང་རྡལ་གྱིས“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”སོགས་ལས་སྟེགས་ལ་བརྟེན་ནས་ཕྱོགས་མི་ཏང་ཡོན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་སློབ་སྦྱོང་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་ཡོད།

    གྲོང་རྡལ་ཁག་གིས་ཕྱོགས་མི་ཏང་ཡོན་ཁྲོད་ཀྱི་ན་རྒས་ལུས་ཟུངས་ཞན་པའི་ཏང་ཡོན་དང་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་གནས་ཚུལ་དག་དཀའ་ངལ་ཡོད་པའི་ཏང་ཡོན་གྱི“མི་རེར་ལག་དེབ་རེའི”རྩིས་ཁྲའི་ནང་བཅུག་པ་དང་འབྲེལ། ཕྱོགས་མི་ཏང་ཡོན་གྱི་མཐོང་རྒྱ་ཆེ་བ་དང་ལམ་བུ་ཡངས་པ་སོགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ“ཡུལ་མིར་སྣེ་ཁྲིད་དང་། ཕ་ཡུལ་དུ་ལོག་པ། ཕ་ཡུལ་འཛུགས་སྐྲུན”བཅས་ཀྱི་བྱེད་སྒོ་སྤེལ་ཏེ། ཕྱོགས་མི་ཏང་ཡོན་ཁྲོད་ཀྱི“འཇོན་ཐང་ཅན”གདན་འདྲེན་གྱིས“ལས་ཀ་འཚོལ་ཐབས”མཉམ་སྤྱོད་དང“ཕྱུག་འགྱུར་ཉམས་མྱོང”གླེང་ནས་ཕྱོགས་མི་ཏང་ཡོན་གྱིས་གཞན་ཡུལ་འཛུགས་སྐྲུན་དང་ཕ་ཡུལ་ལ་དྲིན་ལན་འཇལ་བའི་ཐད་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།