རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《པེ་ཅིང་གིས་རྒྱལ་ཁབ་ཞབས་འདེགས་ལས་རིགས་རྒྱ་སྐྱེད་སྒོ་དབྱེའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ལས་དོན་ཇུས་གཞིར》མཆན་བཀོད་བཀའ་ལན་བསློགས་ནས་མོས་མཐུན་གནང་བ།
ཀྲུང་གོ་སྲིད་གཞུང་དྲ་བར་ཚེས་23ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང《པེ་ཅིང་གིས་རྒྱལ་ཁབ་ཞབས་འདེགས་ལས་རིགས་རྒྱ་སྐྱེད་སྒོ་དབྱེའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ལས་དོན་ཇུས་གཞིར》མཆན་བཀོད་བཀའ་ལན་བསློགས་ནས་མོས་མཐུན་གནང་བ་རེད།
ལས་དོན་གྱི་ཇུས་གཞིར། གློག་འཕྲིན་དང་། བདེ་ཐང་སྨན་བཅོས། དངུལ་རྩ། རིག་གནས་སློབ་གསོ། ཆེད་ལས་ཞབས་འདེགས་སོགས་ལས་རིགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ཞབས་འདེགས་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་དང་། ལས་རྣམ་གསར་པའི་སྒྲིག་ལམ་དང་ཚད་གཞི་འཚོལ་ཞིབ། ཚོང་དོན་མ་དངུལ་ལམ་ལུགས་བཀོད་སྒྲིག་ལེགས་སུ་གཏོང་བ། སྤྱི་པའི་ཞབས་འདེགས་སྲིད་ཇུས་དང་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ཕན་སྲུང་སྐྱོང་ལམ་སྲོལ་ཤུགས་ཆེར་གཏོང་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཕྱོགས་6གི་ཐད་ནས་ཚོད་ལྟའི་ལས་འགན་170ལྷག་ཙམ་བཏོན་ཡོད་པ་རེད།
གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཁབ་ཞབས་འདེགས་ལས་རིགས་རྒྱ་སྐྱེད་སྒོ་དབྱེའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་སྐྲུན་པའི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ། སྐུལ་འདེད་དང་དཔྱད་དཔོག་བྱས་ནས། ལས་དོན་གྱི་ཇུས་གཞིའི་སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།