དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོའི་གྲོང་ཚོའི་ཕུལ་བྱུང་སྨན་པས་ཧྥུའུ་ཅན་དུ་བསྐྱོད་དེ་ལྟ་སྦྱོང་སྤེལ་རེས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-24

    ཧྥུའུ་ཅན་དང་བོད་ལྗོངས་གཉིས་དབར་གྱི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། ཤར་ནུབ་འཕྲོད་བསྟེན་ཁོངས་གཏོགས་ཀྱི་མཉམ་སྒྲུབ་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་བོད་སྐྱོར་སྨན་བཅོས་ཤེས་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོའི་ཕུལ་བྱུང་སྨན་པ་48སྒྲིག་འཛུགས་ཀྱིས་ཧྥུའུ་ཅན་དུ་མངགས་ཏེ་ལྟ་སྦྱོང་སྤེལ་རེས་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

    ཧྥུའུ་ཅན་དུ་སྡོད་རིང་། ཆབ་མདོ་གྲོང་ཁྱེར་གྱི་ཕུལ་བྱུང་གྲོང་ཚོའི་སྨན་པ་ཚོས་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པ་དང་། ཧྥུའུ་ཅན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་དེ་བཞིན་རྟེན་མཛོད་ཁང་། ཧྥུའུ་ཅན་ཞིང་ཆེན་མངོན་མིན་རིག་གནས་ཤུལ་བཞག་དངོས་མང་བཤམས་སྟོན་ཁང་། ཆོན་ཀྲོའུ་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་། ཧུའེ་ཨན་རྫོང་ཅུས་ལུང་སྨན་ཁང་། ཞཱ་མོན་གྲོང་ཁྱེར་བདེ་ཐང་སྨན་བཅོས་གྲངས་གཞི་ཆེ་མོའི་ལྟེ་གནས་དང་དེ་བཞིན་ཞཱ་མོན་ཀྲུང་ལུགས་སྨན་རྫས་བཟོ་གྲྭ་སོགས་ཚན་པ་བཅས་སུ་བསྐྱོད་དེ་ལྟ་སྦྱོང་སྤེལ་རེས་བྱས་པ་དང་སྦྲགས། ཀྲུང་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་ཉན་པ་དང་། ཀྲུང་ལུགས་གསོ་རིག་གི་ལག་ཐབས་སློབ་སྦྱོང་། “དྲ་སྦྲེལ+སྨན་བཅོས”ཀྱི་གྲུབ་འབྲས་གསར་ཤོས་ལ་ལྟ་སྐོར་བཅས་བྱས་ནས། ཧྥུའུ་ཅན་ཞིང་ཆེན་གྱི་སྨན་བཅོས་སྒྲིག་གཞི་ཁག་གི་ཀྲུང་ལུགས་གསོ་རིག་གི་སྨན་རྫས་མ་ཡིན་པའི་གསོ་བཅོས་ལག་རྩལ་དང་དེ་བཞིན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཁག་གི་འཕྲོད་བསྟེན་ལས་དོན་ལ་ཤེས་རྟོགས་སྔར་བས་གཏིང་ཟབ་བྱུང་ཡོད་པ་རེད།

    དུས་ཐུང་ཉིན་10ཡི་ནང་། གྲོང་ཚོའི་སྨན་པ་ཚོས་ཧྥུའུ་ཅན་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་ཁག་གི་སྨན་བཅོས་སྒྲིག་གཞི་གཉེར་སྐྱོང་བྱེད་སྟངས་ལ་ལྟ་སྦྱོང་བྱས་པ་མ་ཟད། ད་དུང་ཀྲུང་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་ཁག་དང“དུས་རབས་གསར་པའི་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་འཕེལ་རྒྱས”ཐད་བགྲོ་གླེང་ཡང་གཏིང་ཟབ་བྱས་ཤིང་། ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་བཟུང་སྟེ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ཟུང་འབྲེལ་སྔར་བས་ཡག་པོ་ཡོང་བར་སྐུལ་འདེད་བཏང་བས། ཆབ་མདོའི་གྲོང་གསེབ་སྨན་པའི་སྨན་བཅོས་ཆུ་ཚད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་རམ་འདེགས་ཆེན་པོ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།