དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-24

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལས་བྱེད་ལས་བཟོ་དང་དགེ་སློབ་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་བ་རེད།

    ནག་ཆུ་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་མི་རིགས་མཐུན་སྒྲིལ་དེ་ཉིད་སློབ་དཔྱོད་དང་གློག་རྡུལ་སློབ་གསོ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་སློབ་ཁྲིད་ཞིབ་བསྡུར་དང་། མཉམ་སྡེབ་ཐོག་སློབ་ཚན་གྲ་སྒྲིག བསླབ་གཞི་ཞིབ་འཇུག་སོགས་བརྒྱུད། སློབ་ཚན་གཞན་དག་ཁྲོད་དུ་ཡོད་པའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། སློབ་མས་ཤེས་བྱ་སྦྱོང་ཐུབ་པ་མ་ཟད་གནས་ལུགས་ཀྱང་རྟོགས་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་རིག་ཚན་སློབ་ཚན་མཉམ་འདྲེས་ཐུབ་པར་བྱས་ཏེ་སློབ་མ་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་བཅས་ཀྱི་ཐོག་ནས་མི་སྣ་གསོ་སྐྱོང་ཐུབ་པར་བྱས་ཡོད།

    མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་དང་། “ལོ་རྒྱུས་བཞི” བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་སོགས་སྤེལ་ནས་ཏང་གི་སློབ་གསོའི་དམངས་ཕན་སྲིད་ཇུས་དང་དེ་བཞིན་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ་སློབ་མས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། སྒེའུ་ཁུང་དང་། བར་ཁྱམས། ཟ་ཁང་། འཛིན་གྲྭ ཉལ་ཁང་སོགས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གི་ནང་དོན་ཚད་ལྡན་དུ་གཏོང་བ། “རིག་ཚན་གསུམ་གྱི་སློབ་དེབ”ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་ཁྱབ་གདལ་བཏང་བ་དང་། མི་རིགས་མཐུན་སྒྲིལ་དང་སློབ་གསོའི་སྤུས་ཚད་དུས་མཚུངས་སུ་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།