ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི“རྫོགས་ལྡན་ལོ་སུམ་ཅུ”རྗེས་མ་མཉམ་དུ་གཏོད་དགོས།
འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་འཛམ་གླིང་གི་དཔལ་འབྱོར་ལ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཕྲད་ཡོད། གོ་ལ་ཧྲིལ་པོའི་འཕར་བའི་སྒུལ་ཤུགས་ཀྱི་ངོས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱིས་དུས་རབས་ཀྱི་འགན་འཁྲི་དེ་བས་ཆེ་བ་ཁུར་ཡོད། དུས་རབས་འདིའི་དུས་དཀྱིལ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གང་འདྲ་ཞིག་ཡོང་ཐབས་བྱེད་དགོས་སམ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འཕེལ་རྒྱས་ཀྱི“རྫོགས་ལྡན་ལོ་སུམ་ཅུ”ཇི་ལྟར་གཏོད་དགོས་སམ། འཕེལ་རིམ་འདིར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་ཇི་ལྟར་འདོན་དགོས་སམ། འདི་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་འགག་རྩའི་དུས་ཡིན་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འགོ་ཁྲིད་པས་བསམ་གཞིག་གཏིང་ཟབ་བྱེད་དགོས་པའི་གནད་དོན་ཞིག་རེད།
“ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་འགན་འཁུར་བའི་སྒོ་ནས་དུས་རབས་ཀྱི་འབོད་སྒྲར་ལན་སློག་པ་དང་། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ། པུའུ་ཐེ་ལ་ཅ་ཡའི་བསམ་འདུན་ཁྱོན་ཡོངས་ནས་དོན་འཁྱོལ་སྒོ་དབྱེ་དང་། གསོན་ཤུགས། ངར་ཤུགས། ཞི་བདེ་བཅས་ལྡན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཐུན་མོང་སྒྲིག་གཞི་བསྐྲུན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་དང་བུ་རབས་ཚ་རྒྱུད་ཀྱི་ཐུན་མོང་དར་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིའི་གསེར་རི་རྙིང་པར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་པ་དང་འབྲེལ། གསུང་བཤད་གལ་ཆེན་གནང་ནས།“གསར་གཏོད་ལ་བརྟེན་ནས་སྐུལ་འདེད་མཐའ་འཁྱོངས་གཏོང་བ”དང“སྒོ་དབྱེའི་སྟོན་ཕྱོགས་མཐའ་འཁྱོངས” “ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས” “ཀུན་ཕན་མཉམ་སྤྱོད་མཐའ་འཁྱོངས”བཅས་ཀྱི་གྲོས་འགོ་བཞི་བཏོན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
གསར་གཏོད་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་རེད། གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རླབས་རྒྱུན་ཁྲོད་གོ་སྐབས་བརྩོན་ལེན་བྱས་ཚེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དེ་བས་འཕེལ་ཤུགས་ཆེ་རུ་འགྲོ་ཐུབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕྱོགས་ཁག་གིས་ཚན་རྩལ་གྱི་འཕེལ་ཕྱོགས་དང་བསྟུན་ཏེ་དེ་བས་དགེ་མཚན་ལྡན་པའི་ཉམས་འགྱུར་གྱི་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་སྒོ་དབྱེ་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་དགོས། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་གྱི་ཧེ་བག་ཆུང་དུ་གཏོང་བ། 《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དྲ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་གྱི་ལམ་རིས》མགྱོགས་མྱུར་དོན་འཁྱོལ། གྲངས་གཞི་ཆེན་པོ་དང་། སྤྲིན་རྩིས། མིས་བཟོས་རིག་ནུས། རྡུལ་རྩིས་སོགས་ལག་རྩལ་གསར་པ་བཀོལ་སྤྱོད་ལ་རྒྱབ་སྐྱོར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་ཟམ་མི་ཆད་པར་གཏོད་དགོས།
སྒོ་དབྱེ་བསྟུན་མཁས་ནི་མིའི་རིགས་དར་རྒྱས་དང་ཡར་ཐོན་ཡོང་བའི་གཞི་རྩའི་ཆ་རྐྱེན་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕྱོགས་ཁག་གིས་རང་མོས་སྒོ་དབྱེའི་ཚོང་དོན་མ་དངུལ་ལ་སྲུང་སྐྱོང་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོང་དང་། དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་། གོ་མཚོན་ཅན། ཚང་མ་བདེ་འཇགས་ཅན་བཅས་ལ་ངོ་རྒོལ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། 《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཕན་ཚུན་འབྲེལ་མཐུད་ཀྱི་འཆར་གཞི》ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་ས་ཁོངས་སྒོ་དབྱེ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་སྤྱོད་དགོས། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། ཆུ་ཚད་མཐོ་པོས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལག་ལེན་མཐའ་འཁྱོངས་བསྟར་བ། རང་འགུལ་ངང《ཞི་བདེ་རྒྱ་མཚོ་ཆེན་པོ་བརྒལ་བའི་རོགས་ཟླའི་འབྲེལ་བ་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད》དང《གྲངས་འཛིན་དཔལ་འབྱོར་གྱི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ཀྱི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད། གྲོས་ཆོད་གཉིས་ཀྱི་འཕེལ་རིམ་ལ་ཞུགས་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་ཆེད་ཕྱོགས་ཁག་དང་མཉམ་དུ་སྒོ་དབྱེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།
ལྗང་མདོག་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་ཞིག་རེད། མིག་སྔར་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་གནོད་འཚེ་སོགས་ཀྱི་འགྲན་སློང་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕྱོགས་ཁག་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ལ་སྒྱུར་བར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཐཱན་ཉུང་དང་། སྦགས་བཙོག་ཉུང་བ། ལྗང་མདོག་རྒྱ་སྐྱེད། འཕར་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས《སྐྱེ་དངོས་འཁོར་རྒྱུག་དང་ལྗང་མདོག་དཔལ་འབྱོར་གྱི་པང་ཁོག་གི་དམིགས་ཚད》དོན་འཁྱོལ་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕར་བའི་ལྗང་མདོག་གི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་མཐའ་འཁྱོངས་བསྐྱོད་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་འཕེལ་རྒྱས་གཏོང་སྟངས་དང་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་བཏང་ཡོད། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་ཞིང་ལས་དང་། རྒྱུན་མཐུད་ཆོག་པའི་གྲོང་ཁྱེར། ནུས་རྒྱུ་ཐཱན་ཉུང་ལ་ཕྱོགས་སྒྱུར། རྒྱ་མཚོའི་སྦགས་བཙོག་འགོག་བཅོས་སོགས་མཉམ་ལས་ཀྱི་གྲོས་འགོ་བཏོན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་ནུས་རྒྱུའི་ལྟེ་གནས་སོགས་མཉམ་ལས་ཀྱི་ལས་སྟེགས་གཏོད་པར་སྐུལ་འདེད་གཏོང་བ་དང་མོ་ཞི་ཁོ་ཡི་ཡིའུ་ཁ་ཐན་ཕྱེད་གླིང་གི་ཆི་ལཱ་མོ་ཤིང་དམར་ནགས་ཚལ་སྲུང་སྐྱོང་ཁུལ་སོགས་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་གྲངས་ལག་བསྟར་ལ་ཞུགས་ནས་དྭངས་གཙང་མཛེས་སྡུག་ལྡན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་བསྐྲུན་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་རྒྱུན་མཐུད་སྐྱེས་སུ་ཕུལ་ཡོད།
ཚང་མ་མཉམ་དུ་འཕེལ་རྒྱས་འགྲོ་བ་ནི་འཕེལ་རྒྱས་ངོ་མ་དེ་རེད། ཀུན་ཕན་མཉམ་སྤྱོད་མཐའ་འཁྱོངས་བྱས་ཚེ་གཞི་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གིས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་འཐོབ་ཐུབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་གནད་དོན་རྒྱལ་སྤྱིའི་གྲོས་རིམ་ལྟེ་གནས་ཀྱི་གནས་བབ་ཏུ་འཇོག་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཚལ་ཡིག་མཉམ་དུ་ཐག་གཅོད་བཅས་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་གནང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འཕེལ་རྒྱས་ཀྱི་མཚལ་ཡིག་ཐག་གཅོད་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ད་ཐེངས་ཀྱི་ཚོགས་འདུར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་ཁག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཧུར་ཐག་ཞུགས་པར་དགའ་བསུ་ཞུས་པ་དང་དབུལ་པོ་ཉུང་དུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས། བཟོ་ལས་ཅན། འཕེལ་རྒྱས་མ་དངུལ་གྲབས་གསོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐུན་མོང་སྒྲིག་གཞི་བཙུགས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་གཞན་ཕན་གྱི་བསམ་པ་འཆང་བ། གནམ་འོག་ལ་ཕྱོགས་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་པར་བྱས་ཡོད།
བྱ་དངོས་ཐམས་ཅད་རང་ཉིད་ཀྱི་རྩ་བ་བརྟན་པོར་སྲུང་ཐུབ་ཚེ་གཞི་ནས་གསོན་ཉམས་དོད་པོས་སྐྱེ་འཚར་དང་འཕེལ་རྒྱས་གཏོང་ཐུབ། འདས་ཟིན་པའི་ལོ་བཅུ་ཕྲག་རིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བྱས་རྗེས་ངོ་མཚར་ཅན”བཏོད་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཕྱོགས་ཁག་གིས་ཐུན་མོང་འབད་བརྩོན་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་དེ་བས་མང་བ་འཐོབ་པར་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི“རྫོགས་ལྡན་ལོ་སུམ་ཅུ”རྗེས་མ་མཉམ་དུ་གཏོད་དགོས།