དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝུ་ར་ཀུའེ་ཡིས་ཀྲུང་གོའི་དབར་གྱི་མཉམ་ལས་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་རྩིས་ཡོད་པ།

    —— ཝུ་ར་ཀུའེ་ཡི་ཕྱི་འབྲེལ་པུའུ་ཀྲང་ཨོ་མར·ཕ་ཅཱ་ཉི་ཉིར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཀྲའོ་ཁའེ་དང་། ཝང་ཀྲུང་དབྱི། ཝང་ལིན་ཡོན།   |     སྤེལ་དུས།  2023-11-24

    “ཝུ་ར་ཀུའེ་དང་ཀྲུང་གོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད”ཅེས་ཉིན་ཤས་གོང་ཝུ་ར་ཀུའེ་ཡི་ཕྱི་འབྲེལ་པུའུ་ཀྲང་ཨོ་མར·ཕ་ཅཱ་ཉི་ཉིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས། ཞིང་འབྲོག་ལས་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ། དྲ་ཐོག་ཚོང་དོན། མི་ཐབས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་སུ་ཝུ་ཀྲུང་རྒྱལ་ཁབ་གཉིས་པོར་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དུ་སླེབས་པའི་རེ་བ་ཡོད་ཅེས་བརྗོད།

    མི་རིང་བའི་གོང་། དེ་སྔ་ཝུ་ར་ཀུའེ་ཡི་བཟོ་ལས་ནུས་རྒྱུ་དང་གཏེར་ལས་པུའི་པུའུ་ཀྲང་གི་ངོས་ནས། ཕ་ཅཱ་ཉི་ཉི་ཀྲུང་གོར་འཚམས་འདྲིར་སླེབས་ནས་པེ་ཅིང་དང་ཁྲུང་ཅིང་སོགས་ས་ཆར་འཚམས་འདྲི་བྱེད་མྱོང་ཡོད་པས། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བྱུང་ཞིང་། ཁོང་གིས“གྲོང་ཁྱེར་འདི་དག་ནས་མཐོང་བའི་གློག་སྒུལ་འགྲོ་སྐྱོད་དང་རིག་ནུས་རླངས་འཁོར་སོགས་ཀྱི་ལག་རྩལ་ལ་ང་རང་ཧང་སངས་བྱུང་། སྐབས་དེ་དུས་ང་རང་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན་པས་ཝུ་ར་ཀུའེ་ཡིས་ཀྲུང་གོའི་དབར་གྱི་མཉམ་ལས་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས་ངེས་ཡིན་པ་ང་ལ་མྱོང་ཚོར་བྱུང”ཞེས་གསར་འགོད་པར་བརྗོད།

    ཕ་ཅཱ་ཉི་ཉིས་བརྗོད་དོན། ཝུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་35སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་བརྟན་པོ་བྱུང་ཡོད། 2016ལོར་ཝུ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་རྗེས་ཕྱོགས་གཉིས་པོའི་ཚོང་དོན་ཤུགས་ཆེན་འཕར་ཡོད། 2022ལོར། ཀྲུང་གོས་ཝུ་ར་ཀུའེ་ནས་ནང་འདྲེན་བྱས་པའི་འབོར་གྲངས་ཀྱིས་ཟིན་ཐོ་གསར་པ་བཏོད་ཡོད། གྲུབ་འབྲས་འདི་ཝུ་ར་ཀུའེ་ཡི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    ཕ་ཅཱ་ཉི་ཉིས་བརྗོད་དོན། ཝུ་ར་ཀུའེ་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་འགོད་མཁན་ལྷོ་ཕྱོགས་ཐུན་མོང་ཁྲོམ་རའི་ཁོངས་མིའི་རྒྱལ་ཁབ་དང་པོ་རེད། ལོ་5ཡི་རིང་། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཝུ་ཀྲུང་རྒྱལ་ཁབ་གཉིས་པོས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་བྱས་ཡོད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། དེ་བཞིན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་ཝུ་ར་ཀུའེ་ཡིས“ཚང་མར་དགེ་མཚན་ལྡན་པའི་གདེང་འཇོག་བྱས་པ་དང་དང་ལེན་ཧུར་ཐག་བྱས་ཡོད”“མ་དངུལ་དང་། ཚོང་དོན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་བ་བརྒྱུད་མི་དམངས་ལ་བདེ་རྩ་སྐྲུན་པ་ནི་འཛམ་གླིང་ཞི་མཐུན་མཉམ་གནས་ཡོང་བའི་འགྲོ་ལམ་ཞིག་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་རྒྱལ་ཁབ་ཚང་མའི་ངོས་ནས་བརྗོད་ན་དགེ་མཚན་ལྡན་པའི་བྱ་བ་ཞིག་རེད”

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།