དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐེ་ལན་གྱིས་མཉམ་དུ་བསྐྲུན་པའི“ལམ་ཐིག་ཟིང་སྐྱའི”རྐྱང་བགྲོད་ལྕགས་ལམ་མེ་འཁོར་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-24

    ཀྲུང་གོའི་ཨན་ཧུའེ་ཝུ་ཧུའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་པའི་ཀྲུང་ཁྲེ་ཧྥུ་ཀྲེན་ཨར་སི་ཐུང་སྐྱེལ་འདྲེན་ཁོངས་གཏོགས་ཚད་ཡོད་ཀུང་སིས་མེ་འཁོར་ཐོན་སྐྱེད་དང་མཁོ་འདོན་བྱས་པ་དང་། ཐེ་ལན་ཕྱོགས་ཀྱིས་གཉེར་འགན་འཁུར་བའི“ལམ་ཐིག་ཟིང་སྐྱའི”རྐྱང་བགྲོད་ལྕགས་ལམ་མེ་འཁོར་ཚེས་21ཉིན་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་ཚུགས་པ་རེད། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་34.5ཟིན་པ་དང་བབས་ཚུགས་30བཟོས་ཡོད་པ་དང་། དེ་གོང་ཀྲུང་གོ་དང་ཐེ་ལན་གྱིས་མཉམ་དུ་བསྐྲུན་པའི་ཐེ་ལན་གྱི“ལམ་ཐིག་སེར་པོའི”རྐྱང་བགྲོད་ལྕགས་ལམ་མེ་འཁོར་གྱི་ལམ་ཐིག་ཐོག་མ་འདི་ལོའི་ཟླ་7པར་དངོས་སུ་ཚོང་ལས་གཉེར་སྐྱོང་བྱས་པ་རེད། འདི་ནི་ཟླ་11ཚེས་21ཉིན་ཐེ་ལན་གྱི་པང་ཁོག་ནས་པར་བརྒྱབ་པའི“ལམ་ཐིག་ཟིང་སྐྱའི”རྐྱང་བགྲོད་ལྕགས་ལམ་མེ་འཁོར་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།