དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཆིང་ཏའོ་ཡིས་ཨེ་ཤེ་ཡ་བྱང་ཤར་གྱི་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་ལྟེ་གནས་གྲུ་ཁ་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-24

    འདི་ལོ་ནས་བཟུང་ཆིང་ཏའོ་ཡིས་ས་བབ་ཀྱི་ལེགས་ཆ་བཏོན་ནས“ཡུལ་སྐོར་མཚོ་གྲུའི་ཚད་བརྒལ་འཆར་གཞི”ལག་ལེན་ཤུགས་ཆེན་བསྟར་ཏེ་ཡུལ་སྐོར་མཚོ་གྲུའི་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་ཁོར་ཡུག་དང་། མཚོ་ལམ་གསར་འབྱེད། ཤེས་ལྡན་པ་ནང་འདྲེན། འགྲུལ་ཁུངས་རྒྱ་ཆེར་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ནས་འགན་ལེན་དང་རྒྱབ་སྐྱོར་བྱས་ཏེ་ཡུལ་སྐོར་མཚོ་གྲུའི་འགྲུལ་བཞུད་བྱེད་ཚད་རིམ་བཞིན་མང་དུ་བཏང་བ་དང་འགྲུལ་པ་རིམ་བཞིན་འཕར་བ་དང་ཆབས་ཅིག་འབྲེལ་ཡོད་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་བྱས་པ་རེད། མིག་སྔའི་བར་ཆིང་ཏའོ་ཡིས་རྒྱལ་སྤྱིའི་མཚོ་ལམ་40ཤར་གཏོང་བྱས་པ་དང་གྲུ་ཁའི་གྲོང་ཁྱེར་20ཙམ་ལ་ཤར་གཏོང་ཐུབ་ཡོད་པ་རེད། གོམ་སྟབས་རྗེས་མར་ཆིང་ཏའོ་ཡིས་ཨེ་ཤེ་ཡ་བྱང་ཤར་གྱི་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་ལྟེ་བའི་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་སྣ་མང་ཅན་དང་སྤུས་ཚད་མཐོ་བའི་ཡུལ་སྐོར་མཚོ་གྲུའི་ཐོན་རྫས་ཀྱིས་ཡུལ་སྐོར་བའི་དགོས་མཁོ་སྐོང་གི་ཡོད་པ་རེད། འདི་ནི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་6ཡོད་པའི་ཆིང་ཏའོ་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མའི་འགྲུལ་སྐྱེལ་ལྟེ་གནས་ཡིན་ཞིང་། དེའི་ཇུས་འགོད་ཀྱི་འགག་སྒོ་ལས་སྒྲོལ་བའི་ནུས་པ་ཆེ་ཤོས་ཆུ་ཚོད་རེར་མི་ཐེངས་3000ནས་4000བར་ཟིན་གྱི་ཡོད་པ་དང་ལོ་རེར་སྣེ་ལེན་བྱེད་ནུས་མི་ཐེངས་ཁྲི་150ཟིན་གྱི་ཡོད་པ་རེད། དེའི་ནུས་པ་གཙོ་བོ་མཉམ་བཤེར་ཚོམས་ཆེན་ཡིན་པ་དང་དེར་ལེ་ལག་ཚང་བའི་ཁྲལ་མེད་ཚོང་ཁང་སོགས་ཚོང་ལས་ཞབས་འདེགས་ནུས་པ་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།