དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུར་ཕྱོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ།

    ཁྲལ་བསྡུའི་ལག་ལེན་ཁྲོད་ནས་ལང་ཚོའི་སྟོབས་ཤུགས་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-24

    བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་གུང་གཞོན་ཚོགས་མི་དང་གཞོན་ནུར་ཕྱོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཞིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་སྒྲིག་འཛུགས་དང་། ཁྱད་ལྡན་ཞབས་འདེགས་ཞུ་བ། གཤམ་སྐྱོད་བཅར་འདྲི་དང་བརྟག་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད་བྱེད་སྒོ་སྣ་ཚོགས་སྤེལ་ནས“གཞོན་ནུའི་ཁྲལ་དོན”སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་ཁྲལ་དོན་གཞོན་ནུའི“བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཤེས་པ”བཅས་ཀྱི་ལང་ཚོའི་ཉམས་འགྱུར་མངོན་པར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་ནང་སེམས་ལ་ཟུག་པ་དང་ཕྱི་བྱ་སྤྱོད་ལ་འཁྱོལ་བར་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།

    “སློབ་སྦྱོང”གི་རྨང་གཞི་བརྟན་དུ་བཏང་བ།

    “ང་ཚོས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་རིམ་བཞིན་བསམ་བློའི་སྟོབས་ཤུགས་རྒྱུན་ཆད་མེད་པར་རྟོགས་པར་བྱས་ནས་གཞོན་ནུ་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་གཞོན་ནུས་མཉམ་དུ་ཞིབ་འཇུག་དང་བསམ་གཞིག་བྱེད་པའི་བྱེད་སྒོའི་བགྲོ་གླེང་སྐབས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་གཞོན་ནུ་ལས་བྱེད་པ་ཏེང་ཆོན་ཧུང་གིས་དེ་ལྟར་བརྗོད།

    འདི་ལོ་ཚུན། རང་སྐྱོང་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་སྣ་ཚོགས་སྤྱད་ནས་གཞོན་ནུ་སྒྲིག་འཛུགས་བྱས་ཏེ་མཉམ་དུ་མ་རྩོམ་ཇི་མ་ཇི་བཞིན་ཀློག་པ་དང་། མ་ཡིག་སློབ་སྦྱོང་ནན་ཏན་བྱེད་པ། མ་དོན་ཞིབ་ཚགས་རྟོགས་པ་བཅས་བྱས་ཡོད། གཞོན་ནུའི་མཉམ་དུ་ཞིབ་འཇུག་དང་བསམ་གཞིག་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་གཞོན་ནུ་ལས་བྱེད་པར་ཟབ་སྦྱོང་མཐིལ་རྟོགས་དང་། ཐོས་བསམ་མྱོང་རྟོགས། སྦྱངས་པ་གོ་ཆོད་བཅས་ལ་ཁྲིད་སྟོན་བྱས་ཡོད། གཞོན་ནུ་ལས་བྱེད་པ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་སོགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་སྲུང་དང་། འབད་འཐབ་ཀྱི་དམིགས་ཚད་བརྟན་པོ་བསྲུངས་ནས“བསམ་བློའི་ཁ་ཕྱོགས”བརྟན་པོ་ཡོང་བར་ཁྲིད་སྟོན་བྱས་པ་རེད།

    “ལས་སྒྲུབ”ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ།

    བོད་ཀྱི་རིམ་ཁག་ཁྲལ་གཉེར་ཚོམས་ཆེན་གྱིས་གཞོན་ནུའི་ཤེས་དཔལ་ལས་གནས་ཀྱི་སྐར་ཁུང་འཛུགས་པ་དང་།“ཞབས་ཞུ་ཁས་ལེན་དང་ལྟ་སྐུལ་ཐབས་ལམ”གྱི་མཚོན་རྟགས་སྦྱོར་བ། ཞབས་ཞུའི་གདེང་འཇོག་ཡོ་བྱད་སྒར་བ། གུང་གཞོན་ཚོགས་མི་དང་གཞོན་ནུ་ལས་བྱེད་པས“གཟུགས་བརྙན་གསལ་སྟོན་དང་། མཚོན་རྟགས་གསལ་སྟོན། ཁས་ལེན་གསལ་སྟོན། ལྟ་སྐུལ་གསལ་སྟོན”བཅས་སྒྲིག་འཛུགས་བྱས་ནས་གཞོན་ནུ་ལས་བྱེད་པར“སྐད་ཆུང་ཙམ་རྒྱག་པ་དང་། འཛུམ་མདངས་མང་ཙམ་སྟོན་པ། ལས་སྒོ་བྱང་ཆུབ་པ། ལས་ཀ་ཧུར་ཐག་བྱེད་པ། ཞབས་འདེགས་ཞིབ་ཚགས་ཞུ་བ”བཅས་བྱེད་པར་སྐུལ་མ་བཏང་ཡོད། དེ་དང་ཆབས་ཅིག་བོད་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས“དཔྱ་ཁྲལ་སྐོར་གྱི་ཤེས་བྱ་ཏོག་ཙམ་སྦྱོང་བ”དང“དབྱངས་སྒྲོན་ལས་དོན་ཁང”སོགས་ཀྱི་ཁྱད་ལྡན་ཞབས་ཞུའི་སྤུས་རྟགས་བཏོད་དེ་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་ལ་གནད་སྨིན་ཞིབ་ཚགས་ཀྱི་ཁྲལ་གྲོན་སྲིད་ཇུས་ཟུར་ཁྲིད་དང་རང་གཤིས་ཅན་གྱི་ཁྲལ་གྲོན་ཞབས་འདེགས་ཞུས་ཏེ་གཞོན་ནུའི་སྟོབས་ཤུགས་ལ་བརྟེན་ནས་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི་ཞིབ་ཚགས་ཅན་དང་། སྟབས་བདེ་ཅན། རང་གཤིས་ཅན། ལས་ཕྱོད་ཆེ་བ་བཅས་ཀྱི་ཁྲལ་འབྲེལ་དགོས་མཁོ་བསྐངས་པ་རེད།

    “དོན་དངོས”ཀྱི་གཙོ་གནད་ལ་དམ་འཛིན་བྱས་པ།

    བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་གཞོན་ནུའི་ཁྲལ་གྲོན་ཞབས་ཞུ་རུ་ཁག་བཙུགས་ནས་ཁོངས་གཏོགས་ཁུལ་དུ་ཞབས་འདེགས་ཧུར་ཐག་ཞུས་པ་དང་དུས་མཚུངས“བརྟག་ཞིབ་ཆེན་པོ་དང་བཅར་འདྲི་ཆེན་པོའི”བྱེད་སྒོ་སྤེལ་ནས་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་བསྡུ་རུབ་རྒྱ་ཁྱབ་བྱས་ཏེ་རྒྱུན་རྣམ་ཅན་གྱི་དགོས་མཁོ་དང་། ཐབས་ཇུས། ཕན་འབྲས་བཅས་འདྲི་བའི་ལམ་སྲོལ་ལ་བརྟེན་ནས་ཁྲལ་འཇལ་མཁན་ལ་དཀའ་གནད་འཚོལ་རོགས་དང་། འགག་ས་གཤོང་རོགས། གནད་ས་སྒྲོལ་རོགས་བཅས་བྱས་ཡོད། ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཚན་པ་སོགས་སུ་བསྐྱོད་དེ“གཞོན་ནུའི་ཁྲལ་དོན་དྲིལ་བསྒྲགས”ཀྱི་བྱེད་སྒོ་སྤེལ་ནས་རྣམ་པ་སྣ་ཚོགས་དང་། ཐབས་ལམ་སྣ་ཚོགས། ཁྱབ་ཁྱོན་ཆེ་བ་བཅས་ཀྱི་དཔྱ་ཁྲལ་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་མ་ལག་བསྐྲུན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་བཅས་ལ་གཞོན་ནུའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། མིག་སྔའི་བར། བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་གཞོན་ནུ་ལས་བྱེད་པ་350ལྷག་ཙམ་སྒྲིག་འཛུགས་བྱས་ནས་བྱེད་སྒོ་སྣ་ཚོགས་ཐེངས་50ལྷག་ཙམ་སྤེལ་ཏེ་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་མི་ཐེངས་3400ལྷག་ཙམ་ལ་ཐད་ཀར་ཞབས་འདེགས་ཞུས་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཁག་26བསྡུ་ལེན་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས“རྒྱ་ཆེའི་གུང་གཞོན་ཚོགས་མི་དང་གཞོན་ནུར་ཕྱོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་འགན་ལྕི་པོ་འཁུར་རྒྱུ་ཐོག་མཐའ་བར་གསུམ་དུ་འགན་འཁྲིར་བརྩིས་ནས་གཞི་རིམ་དང་འཐབ་ཕྱོགས་དང་པོར་རྒྱུན་མཐུད་བསྐྱོད་དེ་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ་ཁྲལ་བསྡུའི་བྱ་གཞག་གི་ཕུགས་འདུན་འགྲུབ་མཁན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་མཁན་ཡག་པོ་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།