དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་བསྡུ་ཚད་སྒོར་དུང་ཕྱུར་9870.1ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱད་ཚད་སྒོར་དུང་ཕྱུར་9870.1ཟིན་པ་དེ་དུས་མཚུངས་ལས་9.4%ཆག་པ་དང་། རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་བའི་ཁེ་ལས་41947གསར་དུ་བཙུགས་པ་དེ་དུས་མཚུངས་ལས་32.1%འཕར་ཡོད།

    ལས་རིགས་ངོས་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱད་ཚད་སྒོར་དུང་ཕྱུར་2834.4ཟིན་པ་དེ་དུས་མཚུངས་ལས་1.9%འཕར་ཡོད། དེའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱད་ཚད་དུས་མཚུངས་ལས་9.5%འཕར་ཡོད། སྨན་བཅོས་དཔྱད་ཆས་ཀྱི་སྒྲིག་ཆས་དང་དཔྱད་ཆས་ཀྱི་འཇལ་ཆས་བཟོ་སྐྲུན་ལས་རིགས་དང་། གློག་རྡུལ་དང་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་34.6%དང་14.8%སོ་སོར་འཕར་ཡོད། ཞབས་འདེགས་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱད་ཚད་སྒོར་དུང་ཕྱུར་6721.0ཟིན་པ་དེ་དུས་མཚུངས་ལས་15.9%ཆག་ཡོད། བཟོ་སྐྲུན་ལས་རིགས་དང་། ཞིབ་འཇུག་གསར་སྤེལ། ཇུས་འགོད་ཞབས་འདེགས་བཅས་ཁྱབ་ཁོངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱད་ཚད་དུས་མཚུངས་ལས་30.0%དང་15.9%སོ་སོར་འཕར་ཡོད།

    མ་དངུལ་ཡོང་ཁུངས་ལ་བལྟས་ན། ཁ་ན་ཏ་དང་། དབྱིན་ཇི། ཧྥ་རན་སེ། སུའེ་ཙེར། ཧོ་ལན་བཅས་ཀྱིས་ཀྲུང་གོར་དངོས་སུ་མ་དངུལ་བཏང་ཚད་དུས་མཚུངས་ལས་110.3%དང་། 94.6% 90.0% 66.1% 33.0%(རང་མོས་གྲུ་ཁར་བརྟེན་ནས་མ་དངུལ་བཏང་བའི་གྲངས་གཞི་ཚུད་པ)བཅས་སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།