དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཀྲུང་གོ་འགྲིམ་འགྲུལ་ཆ་འཕྲིན་ཚན་རྩལ་ཚོགས་པ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-24

    ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཀྲུང་གོ་འགྲིམ་འགྲུལ་ཆ་འཕྲིན་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་འཇོག་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ད་ཐེངས་འཐབ་ཇུས་མཉམ་ལས་ཀྱི་དམིགས་ཡུལ་ནི་ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་ཐཱན་ཉུང་དང་ཤེས་རིག་གྲོང་ཁྱེར་འཁོར་སྐྱོད་མ་ལག་འཛུགས་སྐྲུན་ལ་སྐུལ་མ་གཏོང་ཆེད་རེད། རང་སྐྱོང་ལྗོངས“1+7+N”ཡི་ཤེས་རིག་གྲོང་ཁྱེར་འཛུགས་སྐྲུན་གྱི་སྤྱིའི་བཀོད་ཇུས་ལ་དཔེ་བལྟས་ཏེ། ལྷ་སའི་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དམིགས་ཚད་དང་དམངས་འཚོར་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། སྲིད་དོན་དང་། ཆུ་དོན། འགྲིམ་འགྲུལ། འཕྲལ་སྡོམ། སློབ་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་གྱི་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཚོད་སྐོར་བྱས་ཏེ་གོམ་སྟབས་རྗེས་མའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཇུས་གཞི་འདོན་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་འགྲིམ་འགྲུལ་ཆ་འཕྲིན་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་ནི་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་ཆ་ཚང་བཏང་ནས་བཙུགས་པའི་ཆེད་ལས་ཉིང་ལག་ཚོགས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ལས་གྲྭ་གལ་ཆེན་དང་ཚོད་ལྟའི་ལས་གྲྭའི་ལག་རྩལ་འདེགས་སྐྱོར་ཚན་པ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི“བརྒྱ་ཟུང་བྱ་སྤྱོད”ཀྱི་ཁེ་ལས་བཅས་རེད། ཀུང་སི་འདིས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཚོགས་པའི་དོ་དམ་བཅོས་སྒྱུར་དང་སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཁེ་ལས་གྱི་འགན་འཁྲིར་བརྩིས་ནས། “མཉམ་འབྲེལ་དྲ་རྒྱ+”རྨང་གཞིར་བྱས་པའི་སྤྱི་ཡོངས་རིན་ཐང་གི་འབྲེལ་ཐག་རྣམ་པའི་ཕྱོགས་བསྡུས་ཞབས་ཞུ་དང་ཁེ་འབབ་མ་དཔེ་བཙུགས་པའི་ཁོངས་སུ་རིག་ལྡན་འགྲིམ་འགྲུལ་དང་། རིག་ལྡན་གྲོང་ཁྱེར། སྲུང་སྐར་ལག་རྩལ་ཞབས་ཞུ་གཉེར་སྐྱོང་། གྲངས་འཛིན་ཅན་གྱི་ཀྲུང་གོ་འགྲིམ་འགྲུལ། གློག་རྡུལ་ཚོང་ལས། གྲངས་གཞི་ཆེ་མོ་གཉེར་སྐྱོང་ཞབས་ཞུ། མི་ཐབས་རིག་ནུས། གྲངས་འཛིན་བཟོ་སྐྲུན་བཅས་ཐོན་ལས་ཆེན་པོ་བརྒྱད་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།