དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་5Gསྦྲེལ་ཚུགས་བསྡོམས་འབོར་ཁྲི་321.5ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-24

    ཉེ་ཆར་གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་5Gདྲ་རྒྱ་སྐྲུན་མགྱོགས་སུ་ཕྱིན་པ་དང་། མཉམ་འདྲེས་བཀོལ་རྒྱ་ཆེ་རུ་དང་། བཀོལ་སྤྱོད་གསར་གཏོད་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད་གསར་གཏོད་ནུས་པ་དེ་བས་ཆེ་རུ་ཕྱིན་ཡོད། ཟླ་བཅུ་པའི་ཟླ་མཇུག་བར་5Gསྦྲེལ་ཚུགས་བསྡོམས་འབོར་ཁྲི་321.5ཟིན་པ་དེས་སྒུལ་བདེའི་སྦྲེལ་ཚུགས་བསྡོམས་འབོར་གྱི་28.1%བཟུང་ཡོད།

    ཡོད་པ་ནས་ལེགས་སུ་ཕྱིན་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་སོང་ཡོད། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་སྔོན་ཐོན་གྱི་5Gདྲ་རྒྱ་བསྐྲུན་ཟིན་ནས་རང་རྒྱལ་གྱི་5Gསྦྲེལ་ཚུགས་ས་ཁུལ་རིམ་པའི་གྲོང་ཁྱེར་དང་རྫོང་གྲོང་ཡོངས་ལ་ཁྱབ་པ་དང་། མི་ཁྲི་རེར་5Gསྦྲེལ་ཚུགས་དབང་ཚད་22.78ཟིན་པ། 5Gསྦྲེལ་ཚུགས་90%ལྷག་ཙམ་མཉམ་སྐྲུན་མཉམ་སྤྱོད་ཐུབ་ཡོད། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་7.54ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྤྱོད་མཁན་ཁྲི་19360འཕར་ཡོད། སྒུལ་བདེའི་ཁ་པར་སྤྱོད་མཁན་གྱིས་43.7%བཟུང་བ་དེ་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་10.4འཕར་ཡོད། 5Gལས་རིགས་ཀྱི་རྟོག་བཟོའི་ཆེད་སྤྱོད་དྲ་བ་ཁྲི་2ཡན་ཟིན་པ་རེད།

    ཞན་པ་ནས་སྟོབས་ཆེར་ཕྱིན་ཏེ་ཐོན་ལས་ལག་རྩལ་གྱི་དངོས་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་5Gཡི་འགག་རྩའི་ལག་རྩལ་ལ་སྤྱི་ཡོངས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་མ་ལག་དང་། སྙིང་ཏིག མཐའ་སྣེ། དཔྱད་ཆས་སོགས་ལྷུ་ཚིགས་ཆ་ཚང་ཙམ་གྱི་5Gཐོན་ལས་འཁོར་འབྲེལ་གྲུབ་སྟེ་ཐོན་ལས་ཀྱི་རྨང་གཞིའི་སྟོབས་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་5Gཚད་གཞིའི་དགོས་ངེས་ཀྱི་ཁེ་བེད་བདག་ཐོབ་གསལ་བསྒྲགས་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་བསྡུར་གྲངས་ཀྱི་42%བཟུང་ནས། གོ་ལ་ཧྲིལ་པོའི་5Gའཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་སྐྱེས་སུ་ཕུལ་ཡོད།

    གནས་ནས་ཁྱོན་ལ་འཕེལ་རྒྱས་བཏང་སྟེ་བཀོལ་སྤྱོད་ནུས་སྤྲོད་ཐད་དེ་བས་མངོན་གསལ་དོད་དུ་སོང་ཡོད། རྒྱལ་ཡོངས་སུ“5G+བཟོ་ལས་དྲ་སྦྲེལ”རྣམ་གྲངས་7000ལས་བརྒལ་ནས་རྒྱལ་ཡོངས་སུ་5Gབཟོ་གྲྭའི་རྣམ་གྲངས་1800ལྷག་ཙམ་ཟིན་པ་དང་། 5Gལས་རིགས་ཀྱི་བཀོལ་སྤྱོད་དེ་རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་གྲས་67ནང་ཚུད་པ། བཀོལ་སྤྱོད་དཔེ་མཚོན་ཁྲི་9.4ལས་བརྒལ་ཡོད། 5Gདེ་བཟོ་ལས་དང་། གཏེར་ལས། གློག་ཤུགས། གྲུ་ཁ་སོགས་ལས་རིགས་སུ་སྤྱོད་རྒྱ་ཆེ་རུ་ཕྱིན་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། མ་གནས་དམའ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་རམ་འདེགས་ཐུབ་ཡོད། 5Gདྲ་རྒྱའི་རབ་གསལ་བརྙན་ལམ་དང་AR/VRསོགས་བཀོལ་སྤྱོད་བྱེད་སྟངས་གསར་པ་ཐོན་སྐྱེད་དང་འཚོ་བ་དང་མཉམ་འདྲེས་ཐུབ་ནས་སྤྱོད་མཁན་གྱིས་ཉམས་ལེན་བྱེད་ཚད་ཆེ་རུ་ཕྱིན་ཡོད།

    བཟོ་འཕྲིན་པུའི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་5Gདྲ་རྒྱ་བསྐྲུན་པར་སྐུལ་འདེད་བརྟན་པོ་བཏང་ནས་5Gདྲ་རྒྱའི་མཁོ་སྤྲོད་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། 5Gམཉམ་འདྲེས་བཀོལ་སྤྱོད་ཟབ་ཏུ་བཏང་ནས“5G+བཟོ་ལས་དྲ་སྦྲེལ”གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། 5Gསྙིང་ཏིག་དང་། དཔེ་ཚོགས། མཐའ་སྣེ་སོགས་ཐོན་རྫས་དང་འགག་རྩའི་ལྷུ་ལག་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་དུ་འགྱུར་བར་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། 6Gཡི་འགག་རྩའི་ལག་རྩལ་འགག་སྒྲོལ་གཏིང་ཟབ་བྱེད་པ། ལག་རྩལ་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་ལས་རིམ་འགྱུར་རིམ་སྤོར་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།