དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀན་སུའུ་འབྲུག་ཆུར་ཡུལ་ཟོག་བྲིན་ཁ་རྒྱུག་པས་གྲོང་གསེབ་དར་རྒྱས་ལ་སྐུལ་མ་ཐེབས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-23

    ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་གིས་ས་གནས་དེ་གའི་འདེབས་གསོའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་བོད་འབྲེལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་སྨན་སྨན་རྒྱུ་དང་ཀྲུང་ལུགས་སྨན་རྩྭ་དང་། བོད་བྱ། བོད་ཕག རླམ་རྩྭ་ཕོ་སུལ། གཡེར་མ་སོགས་སྤུས་རྟགས་ཐོན་རྫས་གཙོ་གནད་ཐོག་བཏོད་དེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཞབས་ཞུའི་མ་ལག་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་བཏང་བ་དང་དྲ་བའི་ཐད་ཚོང་དང་། འཛད་སྤྱོད་རོགས་སྐྱོར། དྲ་ཕྱིའི་བྲིན་ཚོང་སོགས་ཀྱི་ཐབས་ལ་བརྟེན་ནས་ཡུལ་ཟོག་འཚོང་བར་སྐུལ་འདེད་བཏང་བས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཐེབས་པ་རེད།

    ཟླ་11ཚེས་5ཉིན། འབྲུག་ཆུ་རྫོང་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་ཐད་གཏོང་པས་དྲ་བ་ནས་ཞིང་ཞོར་ཐོན་རྫས་འཚོང་བཞིན་པ།

     

    ཟླ་11ཚེས་5ཉིན། འབྲུག་ཆུ་རྫོང་སྤུན་སྡེ་གྲོང་རྡལ་གླིང་ཚང་པ་གྲོང་ཚོར་གྲོང་མིས་བོད་བྱར་ལྟོ་སྟེར་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།