དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན།

    ཅ་ཧྲའི་ཧིན་རྡུ་ཉི་ཞི་ཡའི་སྨན་ཁང་ལ་སླར་ཡང་འཇབ་རྒོལ་ཕོག་པར་ཧང་སངས་བྱུང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-11-23

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་ཅ་ཧྲའི་བྱང་རྒྱུད་ཀྱི་ཧིན་རྡུ་ཉི་ཞི་ཡའི་སྨན་ཁང་ལ་འཇབ་རྒོལ་ཕོག་པར་ཧང་སངས་ནས་གདོང་ཐུག་ཕྱོགས་ཁག་ལ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་ཆས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་20ཉིན་གྱི་དགོང་མོ་ཡོངས་བསྒྲགས་བྱས་པའི་གསར་འགྱུར་བརྡ་ཁྱབ་ནང་སྨྱན་སྦྱོར་གྱི་ཆ་འཕྲིན་དྲངས་ནས། སྨན་ཁང་དེར་ཟླ་10ཚེས་7ཉིན་ནས་བཟུང་ཉུང་མཐར་ཡང་འཇབ་རྒོལ་ཐེངས་5ཕོག་སྟེ་མུ་མཐུད་གཏོར་སྐྱོན་ཕོག་ཡོད། གཟའ་འཁོར་ཁ་ཤས་གོང་འབུད་རྫས་དང་གློག་ཤུགས་མི་འདང་བའི་རྐྱེན་གྱིས་གཉེར་སྐྱོང་བྱེད་མཚམས་བཞག་ཡོད། མིག་སྔར་ཆུ་དང་གཞི་རྩའི་སྨན་རྫས་ཀྱང་ཧ་ཅང་དཀོན་པོ་ཡོད་པས་གཞི་རྩའི་ཞབས་ཞུ་ལས་མཁོ་འདོན་བྱེད་ཐུབ་ཀྱི་མེད་ཅེས་བརྗོད།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕྲོད་བསྟེན་ལས་དོན་པ་དང་མི་སེར་ལ་ནམ་ཡང་འཇིགས་སྐུལ་དེ་རིགས་ཕོག་མི་རུང་ལ། ལྷག་པར་དུ། སྨན་ཁང་ནང་དེ་བས་འཇིགས་སྐུལ་དེ་རིགས་ཕོག་མི་རུང་། “ཉེན་ཁ་ལས་གཡོལ་སའི་སྨན་ཁང་དེ་དག་འཆི་བ་དང་། གཏོར་སྐྱོན་ཕོག་པ། ཡིད་ཐང་ཆད་པ་བཅས་ཀྱི་ཡུལ་དུ་གྱུར་སྐབས་འཛམ་གླིང་གིས་དེར་ངོ་རྒོལ་མི་བྱེད་དཀའ་མེད་རེད”ཅེས་བརྗོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གདོང་ཐུག་ཕྱོགས་ཁག་ལ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་གཞིགས་ན། ཁོང་ཚོར་འཕྲོད་བསྟེན་སྒྲིག་བཀོད་ལ་བརྩི་འཇོག་བྱེད་པའི་བླ་ན་མེད་པའི་འོས་འགན་ཡོད་ལ། འཕྲོད་བསྟེན་སྒྲིག་བཀོད་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།