དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཤང་གཅིག་དང་གྲོང་ཚོ་བཅུ་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ལ་བདམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-23

    ཟླ་11ཚེས་20ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་གསུམ་པའི་མིང་ཐོ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་གོང་མ་གཉིས་ཀྱི་མིང་ཐོར་བསྐྱར་ཞིབ་བྱས་འབྲས་ཡོངས་བསྒྲགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲོ་པེ་བོད་རིགས་ཤང་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་ཤང་དང་གྲོང་རྡལ་དུ་བདམས་པ་དང་། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཏ་ཧྭ་གྲོང་རྡལ་ཚི་ཧན་གྲོང་ཚོ་སོགས་གྲོང་ཚོ་10རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་ཁག་གསུམ་པར་བདམས་པ་རེད། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་སུ་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་དང་པོ་དང་གཉིས་པར་བདམས་པའི་ཤང་དང་གྲོང་རྡལ་2དང་གྲོང་ཚོ་15མུ་མཐུད་སོར་འཇོག་བྱས་ཡོད། ད་བར་ཞིང་ཆེན་དེ་ཡོངས་སུ་རིམ་རྩིས་བྱས་ན། ཤང་དང་གྲོང་རྡལ་3དང་གྲོང་ཚོ་25རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་དུ་ཚུད་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། གནས་གཅིག་གིས་ཁྱོན་ཡོངས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་དེང་རབས་བཅོས་སྐྱོང་བྱེད་སྟངས་ཀྱི་གྲུབ་འབྲས་ཐོབ་པའི་ལམ་བུ་ཞིག་བཏོད་ཡོད། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་དང་། ལམ་ལུགས། ལམ་སྲོལ། ལས་སྟེགས་སོགས་དཔེ་མཚོན་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། “ཏང་འཛུགས་རིག་ལྡན+”བཅོས་སྐྱོང་བྱེད་སྟངས་བཏོན་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་དང་གྲོང་གསེབ་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་བ་དང་མཉམ་འདྲེས་མཉམ་འདེད་ཀྱི་རྣམ་པ་གསར་པ་ཆགས་པར་བྱས་པ་དང་། ཀུའེ་ནན་གྱི“བཅོས་སྐྱོང་གསུམ་དུས་གཅིག་ཏུ་བྱེད་པ”དང་མགོ་ལོག་གི“པད་མ་3.0”གྱི་བཅོས་སྐྱོང་ཉམས་མྱོང་ཕྱོགས་སྡོམ་སྙིང་བསྡུས་དང“བཅོས་སྐྱོང་ལྔ་མཉམ་འདྲེས”ཀྱི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་བཏོན་ནས་རྒྱལ་ཡོངས་ལ་དཔེ་མཚོན་བཏོན་པ། “ཟུང་འབྲེལ་གསུམ”དམ་འཛིན་བྱ་གཞི་དང“ཆིང་སུང་ཀྲི”ལས་སྟེགས་གཞི་རྟེན་དུ་བྱས་ཏེ། “གསོ་སྐྱོང་པ་དར་རྒྱས་འཆར་གཞིའི”གྲོང་གསེབ་བཅོས་སྐྱོང་ཀྱི་རྐང་འཛིན་པའི་ཆེད་དོན་གསོ་སྦྱོང་ལས་དོན་ཏན་ཏིག་སྤེལ་བ་དང་། བྱང་ཚད་མཐོ་བའི་དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་གཞི་རིམ་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་ཆེད་ཤེས་ལྡན་མི་སྣའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།