དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཉིན་མཚན་དབྱེར་མེད་དུ་སྲིད་དོན་ཞབས་འདེགས་ཞུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-23

    འདི་ནི་གྲོང་མིས་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ལས་སྒོ་གཉེར་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་། གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། དམངས་དང་ཁེ་ལས་ལ་ཕན་པའི་སྲིད་དོན་ཞབས་ཞུ་འཛུགས་སྐྱོང་ཐད“གྲངས་གཞི་སྔོན་འཇོག་དང་མང་ཚོགས་ཕར་འགྲོ་ཚུང་འོང་ཉུང་དུ་གཏོང་ཐུབ་པ”བྱས་ཡོད། ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་མང་ཚོགས་ཀྱི“ལས་ཀའི་དུས་ཚོད་ལ་ལས་སྒོ་གཉེར་བར་འགྲོ་མི་ཐུབ་པ་དང་ལས་ཀ་གྲོལ་དུས་ལས་དོན་སྤེལ་མཁན་མེད་པ”སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཉིན་མཚན་དབྱེར་མེད་ཀྱི་རང་འདེམས་ཁུལ་ལེགས་སྒྱུར་རིམ་སྤོར་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་ཁེ་ལས་དང་མང་ཚོགས་ལ“ཉིན་མཚན་དབྱེར་མེད”ཀྱི་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།