ཟླ་དང་པོ་ནས་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་12.1%འཕར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་17ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་དང་པོ་ནས་བཅུ་པའི་བར་མཚོ་སྔོན་ཞིང་ཆེན་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་36.9ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་(གཤམ་དུ་གཅིག་མཚུངས་ཡིན་པ)12.1%འཕར་བའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་21.1ཟིན་ནས་4.7%འཕར་ཡོད་པ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་15.8ཟིན་ནས་23.9%འཕར་ཡོད། ཕྱིར་གཏོང་ནང་འདྲེན་དང་། ཕྱིར་གཏོང་། ནང་འདྲེན་བཅས་ཀྱི་འཕར་ཚད་དུས་མཚུངས་ཀྱི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་12.1དང་། 4.3 24.4བཅས་སོ་སོར་མཐོ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཨང་7པ་དང་། ཨང་13པ། ཨང་4པ་བཅས་སོ་སོར་ཟིན་ཡོད་པ་རེད།
ཟླ་དང་པོ་ནས་བཅུ་པའི་བར། ཟི་ལིང་འགག་སྒོ་ལས་ཁུངས་སུ་དངོས་སུ་ཐོ་འགོད་བྱས་པའི་ཁེ་ལས་1562ཟིན་པའི་ནང་ཕྱིར་གཏོང་ནང་འདྲེན་གྱི་བྱས་རྗེས་ཡོད་པའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་171ཟིན་ནས་16.3%འཕར་ཡོད་པ་དང་། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་19.4ཟིན་ནས་15.2%འཕར་བ་དེས་དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་52.6%བཟུང་ཡོད་པ། གཞུང་ཁོངས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་16.7ཟིན་ནས་9.2%འཕར་བ་དེས་དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་45.4%བཟུང་ཡོད་པ། ཕྱི་རྒྱལ་ཚོང་པས་མ་དངུལ་བཏང་བའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་7391.1ཟིན་ནས་2.8%འཕར་བ་བཅས་རེད།
ཟླ་དང་པོ་ནས་བཅུ་པའི་བར། མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་34.2ཟིན་ནས་5.4%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་92.9%བཟུང་བའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་21.1ཟིན་ནས་4.5%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་13.1ཟིན་ནས་6.9%འཕར་བ། ཁྲལ་སྲུང་ཟོག་འགྲེམས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2.4ཟིན་ནས་ལྡབ་5.2འཕར་བ། འགག་སྒོ་ལས་ཁུངས་ཀྱི་དམིགས་བསལ་ལྟ་འདོམས་ཁུལ་ཁོངས་ཀྱི་སྒྲིག་ཆས་ནང་འདྲེན་བྱེད་ཚད་སྒོར་ཁྲི་1846.5ཟིན་པ་དང་ན་ནིང་གི་དུས་མཚུངས་སུ་ནང་འདྲེན་བྱས་མེད་པ། མཚོ་སྔོན་ཞིང་ཆེན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཡོ་རོབ་མནའ་འབྲེལ། ཀི་ནེ་ཡ་བཅས་ཀྱི་ཚོང་དོན་རོགས་ཟླ་ཆེ་གྲས་གསུམ་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་6.7དང་། དུང་ཕྱུར་5.2 དུང་ཕྱུར་4.5བཅས་སོ་སོར་ཟིན་ནས་1.6%དང་། 90.9% 18.7%བཅས་སོ་སོར་འཕར་བ་དང་། དུས་མཚུངས་སུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་24.3ཟིན་ནས་7.7%འཕར་བ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་8ཚང་མར་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་གཉེར་བ་བཅས་རེད།
ཟླ་དང་པོ་ནས་བཅུ་པའི་བར། མཚོ་སྔོན་ཞིང་ཆེན་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་4.9ཟིན་ནས་65.9%འཕར་བའི་ནང་ཉི་ནུས་གློག་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.2ཟིན་ནས་ལྡབ་3.2འཕར་བ་དང་། ལིས་གྱེས་རྡུལ་རྒྱུ་ཆའི་གློག་རྫས་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་506ཟིན་ནས་ལྡབ་1.9འཕར་ཡོད་པ་རེད། ཐཱན་སྐྱུར་ནཱ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.9ཟིན་ནས་70.4%འཕར་བ། དུས་མཚུངས་སུ་བཙིར་གནོན་དང་ལས་སྣོན་མ་བྱས་པའི་ཧ་ཡང་དང་ཧ་ཡང་རྒྱུ་ཆ་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་7966.7ཟིན་ནས་44.2%འཕར་བ། ལིན་སྐྱུར་ལྕགས་ལིས་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་7163ཟིན་ནས་57%འཕར་བ། མཚོ་སྔོན་ཞིང་ཆེན་གྱི་འཛད་རྫས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.7ཟིན་ནས་11.9%འཕར་བའི་ནང་བཟའ་བཅའ་དང་། རྡོ་ཐ། ཨ་རག་བཅས་ཀྱི་རིགས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.5ཟིན་ནས་15.5%འཕར་ཡོད་པ་རེད། དུས་མཚུངས་འཕྲུལ་གློག་ཐོན་རྫས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.2ཟིན་ནས་ལྡབ་2.6འཕར་བ་དང་། རྡོ་སོལ་ཚིག་མ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.4ཟིན་ནས་ན་ནིང་གི་དུས་མཚུངས་སུ་ནང་འདྲེན་བྱས་མེད་པ་བཅས་རེད།
ཟླ་དང་པོ་ནས་བཅུ་པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.1ཟིན་པའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.5ཟིན་ནས་21.5%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.6ཟིན་ནས་11.8%འཕར་བ། ཁྱད་ལྡན་ཞིང་ལས་ཐོན་རྫས་ནང་དབྱར་རྩྭ་དགུན་འབུ་དང་འདྲེ་ཚེར་མ་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་8398.8དང་སྒོར་ཁྲི་1154.6སོ་སོར་ཟིན་ནས་འཕར་ཚད་87.4%དང་3.6%སོ་སོར་ཟིན་པ་བཅས་རེད། དུས་མཚུངས་གླང་རྔ་དང་། ཙོང་རིལ། ཧོང་ཀྭ པད་ཚལ་སོགས་ས་མཐོའི་སྔོ་ཚལ་སྣ་ཁ་8ཐད་ཀར་ཀྲུང་གོའི་ཤང་ཀང་དུ་ཐོག་མར་ཕྱིར་གཏོང་བྱས་ནས། ཕྱིར་གཏོང་བྱེད་ཚད་བསྡོམས་ཏུན་285ཟིན་ནས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་སྒོར་ཁྲི་216.4ཟིན་པ་བཅས་རེད།