ཧྥུའུ་ཅན་ཕིང་ཐན་གྱིས་ཧྥི་ལི་ཕིན་དུ་སྐྱོད་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲུ་གཟིངས་ཀྱི་མཚོ་ལམ་ཐོག་མ་བཏོད་པ།
2023ལོའི་ཟླ་11ཚེས་19ཉིན་ཧྥུའུ་ཅན་ཕིང་ཐན་ཅིན་ཅིང་གྲུ་ཁུལ་གྱི་རྒྱལ་སྤྱིའི་ཡུལ་སྐོར་གྲུ་གཟིངས་གྲུ་ཁ་ནས“ཕུགས་འདུན་སྔོན་པོའི་སྐར་མ”རྟགས་ཅན་གྱི་ཡུལ་སྐོར་གྲུ་གཟིངས་ནང་ཡུལ་སྐོར་བ་553བླུགས་ཏེ་ཧྥི་ལི་ཕིན་གྱི་སུའུ་པི་ཁེར་བསྐྱོད་དེ་ཉིན་5དང་མཚན་4མཚོ་ཐོག་ཏུ་སྐྱོད་པ་རེད། ཕིང་ཐན་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་ཐོག་ནས་ཕིང་ཐན་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་གྱི“རྒྱུད་གཅིག་ལམ་གཅིག”གི་མཚོ་ལམ་ཐོག་མ་དངོས་སུ་ཤར་གཏོང་ཐུབ་ནས་སང་ལོ་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་ཐུབ་པའི་བརྩོན་ལེན་བྱེད་པ་མཚོན་ཡོད།