དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་ཀྲུང་དབྱང་དངུལ་ཁང་གིས་ཕྱོགས་གཉིས་པོའི་དངུལ་བརྗེ་རེས་ཀྱི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-22

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་གིས་སོ་ཏི་ཨ་རབ་ཀྲུང་དབྱང་དངུལ་ཁང་དང་ཕྱོགས་གཉིས་པོའི་དངུལ་བརྗེ་རེས་ཀྱི་གྲོས་མཐུན་བཞག་པ་དང་། བརྗེ་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་500/སོ་ཏི་ལི་ཡར་སྒོར་དུང་ཕྱུར་260ཡིན་ཞིང་། གྲོས་མཐུན་གྱི་གོ་ཆོད་དུས་ཡུན་ལོ་གསུམ་ཡིན་པ་དང་ཕྱོགས་གཉིས་པོ་མོས་མཐུན་བྱུང་རྗེས་ནར་འགྱངས་བྱེད་ཆོག

    ཀྲུང་གོ་མི་དམངས་དངུལ་ཁང་གིས་བསྟན་དོན། ཀྲུང་སོ་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་དངུལ་བརྗེ་རེས་ཀྱི་ལམ་སྲོལ་བཙུགས་པ་དེས་རྒྱལ་ཁབ་གཉིས་པོའི་དངུལ་རྩའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་སོ་རྒྱལ་ཁབ་གཉིས་པོའི་དངུལ་སྤྱོད་རྒྱ་ཆེ་རུ་གཏོང་བ། ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་འདོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།