དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩ་མིན་པའི་རིཊ་ཐད་ཀར་མ་འཇོག་བྱེད་ཚད་དུས་མཚུངས་ལས་17.3%འཕར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་སུ་མ་འཇོག་བྱེད་ཚད་རྒྱུན་མཐུད་འཕར་བ་དང་ཕྱི་ཕྱོགས་ལ་དངུལ་རྩ་མིན་པའི་རིགས་ཐད་ཀར་མ་འཇོག་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་7362ཟིན་པ་དེ་དུས་མཚུངས་ལས་17.3%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1047.4ཟིན་པ་དེ་དུས་མཚུངས་ལས་11%འཕར་བ)འཕར་ཡོད། དེའི་ནང་རང་རྒྱལ་གྱི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་འཇོག་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་1816.9ཟིན་པ་དེ་དུས་མཚུངས་ལས་27%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་258.5ཟིན་པ་དེ་དུས་མཚུངས་ལས་20.1%འཕར་བ)འཕར་ཡོད།

    2023ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཕྱི་ཕྱོགས་ཀྱི་འགན་གཙང་ལས་གྲྭའི་ཚོང་གཉེར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་8568.8ཟིན་པ་དེ་དུས་མཚུངས་ལས་8.3%འཕར་བ་དང་། གསར་དུ་བཞག་པའི་གན་རྒྱའི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་10830.7ཟིན་པ་དེ་དུས་མཚུངས་ལས་1.1%ཆག་ཡོད་པ་རེད། དེའི་ནང་རང་རྒྱལ་གྱི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཏུ་ལས་གྲྭ་འགན་གཙང་བླངས་ནས་ལེགས་འགྲུབ་བྱུང་བའི་ཚོང་གཉེར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་7023.2ཟིན་པ་དེ་དུས་མཚུངས་ལས་9.6%འཕར་བ་དང་། གསར་དུ་བཞག་པའི་གན་རྒྱའི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་9026.4ཟིན་པ་དེ་དུས་མཚུངས་ལས་0.5%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།