དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷུན་རྩེ་རྫོང་དམངས་སྲིད་ཅུས་ཀྱིས་སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-22

    འདི་ལོ་ནས་བཟུང་། ལྷུན་རྩེ་རྫོང་དམངས་སྲིད་ཅུས་ཀྱིས་ཤང(གྲོང་རྡལ)སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་གྱི་དགོས་མཁོ་དང་ཟུང་དུ་འབྲེལ་ནས་སྐུལ་འདེད་བརྟན་པོ་བཏང་སྟེ། སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་རྩེ་རྫོང་དམངས་སྲིད་ཅུས་ཀྱིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ་མ་དངུལ་སྒོར་ཁྲི་300བཏང་ནས་ལྷུན་རྩེ་རྫོང་ཁོ་ནར་གཏོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་སྟེགས་བཏོད་དེ། ལྷོ་ཁ་གྲོང་ཁྱེར་གྱི་སྔོན་དུ་སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ཤང(གྲོང་རྡལ)ཡོངས་སུ་ཁྱབ་པར་བྱས་ཡོད། སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས“ལྟེ་བར”བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་འཁོར་རྒྱ་བསྐྲུན་པ་དང་འབྲེལ། ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་མི་སྣ་30བཀོད་སྒྲིག་བྱས་ནས་མང་ཚོགས་ལ་སྤྱི་ཚོགས་རོགས་སྐྱོབ་དང་། སྡེ་ཁུལ་བཅོས་སྐྱོང་། སྤྱི་ཚོགས་ལས་དོན་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་སྤྱི་ཚོགས་ལས་དོན་ཞབས་ཞུ་དང་སྣ་མང་ཅན་གྱི་སྙིང་ཉེ་བའི་ཞབས་འདེགས་ཞུས་ཏེ། ལྷུན་རྩེའི་སྤྱི་ཚོགས་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ་དང་དམངས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བཤངས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མཐུད་ཆེ་རུ་བཏང་ཡོད།

    ལྷུན་རྩེ་རྫོང་དམངས་སྲིད་ཅུས་ཀྱིས་ད་དུང་སྤྱི་ཚོགས་ལས་དོན་པ་རྫོང་ཡོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་། དབང་པོ་སྐྱོན་ཅན་གྱི་ཐོགས་མེད་སྒྲིག་ཆས་སྒྱུར་བཀོད། སྲིད་ཇུས་ཁག་དྲིལ་བསྒྲགས་དང་སྒྲོག་འགྲེལ་སོགས་ཀྱི་ལས་དོན་ནང་ཞུགས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཟུགས་པོའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་ཏེ་མང་ཚོགས་ཀྱི་རེ་ཞུ་གང་མགྱོགས་ཤེས་རྟོགས་དང་། གཞི་རིམ་བཅོས་སྐྱོང་ཕྱོགས་ཡོངས་ལ་ཁྱབ་པ་བཅས་བྱས་ཡོད། མིག་སྔའི་བར། སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ཁག་གིས་སྔ་རྗེས་སུ་རྫོང་ཡོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་སྒོར་ཐེངས་62ཞུགས་པ་དང་། དུད་ཚང་དུ་འཚམས་འདྲི་ཐེངས་255བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་764ལ་ཁྱབ་པ། མང་ཚོགས་མི་ཐེངས་3000ལྷག་ཙམ་ལ་དྲོ་སྐྱིད་ལྡན་པའི་ཆེད་ལས་ཀྱི་ཞབས་འདེགས་ཞུས་པ། དུད་ཚང་40ལ་གེགས་མེད་དང་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་བྱས་པ། སྒྲོག་འགྲེལ་དང་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་ཐེངས་43སྤེལ་བར་མང་ཚོགས་མི་ཐེངས་6025ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།