སྙན་རོང་རྫོང་གིས“གྲོང་འབྲེལ་ཏང་ཨུད”བཙུགས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བ།
ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་རྐང་ལ་དམ་པོར་དམིགས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“ཆུང་ཐོར་ཞན་གསུམ”གྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་བསམ་ཕྱོགས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། ས་ཁོངས་འབྲེལ་བ་དང་། གོམས་སྲོལ་འདྲ་མཚུངས། ཐོན་ཁུངས་གསབ་རེས་བཅས་ཀྱི་བསམ་ཕྱོགས་ལ་གཞིགས་པ། སྲིད་འཛིན་གྱི་བཀག་རྒྱ་མེད་པར་བཟོ་བ།“ཏང་འཛུགས་སྐྱོང་གི་ཁྲིད་སྟོན་དང་། ཡུག་ཁུལ་འཕེལ་རྒྱས། མཉམ་འདྲེས་མཉམ་འགུལ། ས་ཁོངས་ཧྲིལ་པོར་སྐུལ་འདེད”བཅས་ཀྱི་གྲོང་འབྲེལ་ཏང་ཨུད་ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བཅས་བྱས་ཏེ“སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ”བྱས་ནས“གྲོང་འབྲེལ་ཏང་ཨུད”འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་རེད།
སྙན་རོང་རྫོང་གིས“འབྲོག་ཁུལ་ཆེན་པོའི་གྲོང་རྡལ་ཆུང་ངུའི་གྲོང་འབྲེལ་ཏང་ཨུད”ཀྱི་ཚོད་ལྟའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་ཚོད་ལྟའི་ལས་དོན་ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་འགག་རྩའི་བྱ་ཐབས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ནུས་ལྡན་ཞིག་ལ་བརྩིས་ནས་རྫོང་ཨུད་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བའི་ཚོད་ལྟའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་གི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཤིང་། 《སྙན་རོང་རྫོང་གིས“འབྲོག་ཁུལ་ཆེན་པོའི་གྲོང་རྡལ་ཆུང་ངུའི་གྲོང་འབྲེལ་ཏང་ཨུད”ཁྱབ་གདལ་གཏོང་བའི་ཚོད་ལྟའི་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་རྫོང་ཐད་གཏོགས་སྡེ་ཚན་གྱི་མཛུབ་ཁྲིད་ལྟ་སྐུལ་དང་ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ཞིབ་ཕྲའི་འགན་འཁྲི་དོན་འཁྱོལ་ཁ་གསལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་། གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་དམིགས་ནས་རྣམ་གྲངས་ཅན་དང་ལས་གྲྭ་ཅན་གྱི་སྒོ་ནས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་འབྲེལ། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)139བསྡུ་སྒྲིལ་བྱས་ནས“གྲོང་འབྲེལ་ཏང་ཨུད”29བཙུགས་ཡོད། ཚོད་ལྟའི་ལས་དོན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་བསྐྲུན་ནས་ཆེད་དོན་གཞུང་ལས་ཁང་བཙུགས་ཏེ་ཚོད་ལྟའི་ལས་དོན་གྱི་ཕན་འབྲས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་འགན་སྒྲུབ་ཚུལ་དཔྱད་མོལ་གྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་ཚོད་ལྟའི་ལས་དོན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་ཚོད་ལྟའི་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ཡོད་པ་རེད།
བསྡུ་སྒྲིལ་ཐད་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་དང་གྲོང་ཚོ་ཁག་གི་ཐོན་ལས་མཉམ་འགུལ་ལ་སྐུལ་འདེད་གཏོང་བར་མཐོང་ཆེན་བྱས་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་ལས་མཉམ་འདྲེས་རིམ་སྤོར་ལ་སྐུལ་འདེད་བཏང་བ་བརྒྱུད་གྲོང་གསེབ་དཔལ་འབྱོར་གྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་ཤིང་། ཉི་མ་ཤང་གི“གྲོང་འབྲེལ་ཏང་ཨུད་གཉིས་པས”འཆར་འགོད་ལ་སྤྱི་འདོམས་བྱས་ནས་རྩྭ་རྭ་དང་། ཕྱུགས་རིགས། མ་དངུལ་སོགས་མ་རྐང་ལ་ཞུགས་པའི་བྱ་ཐབས་བརྒྱུད་རྩྭ་རྭ་མུའུ་ཁྲི་22དང་། ཕྱུགས་རིགས་མགོ་གྲངས་1069 ངལ་རྩོལ་ནུས་ཤུགས་མི་གྲངས་41བཅས་གཅིག་འདུས་བྱས་ཏེ་ཐོན་ཁུངས་བསྡུ་སྒྲིལ་བྱེད་རྒྱུ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་བསྒྱུར་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར“མཉམ་གཏོད་དང་། མཉམ་འཕར། མཉམ་ཁྲིད”བཅས་ལ་སྐུལ་འདེད་བཏང་སྟེ་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། མཐུན་སྦྱོར་འཕེལ་རྒྱས་བཅས་ཡོང་བར་བྱས་ཡོད་པ་རེད།
“མཉམ་འབྲེལ”ཐད་ལས་དོན་ཧུར་ཐག་སྤེལ་ནས“མཉམ་འགུལ”གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཤིང་། གཡུ་མཆོག་ཤང་གི“གྲོང་འབྲེལ་ཏང་ཨུད་དང་པོས”གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་རྒྱུ་འཇུག་གཞིར་བྱས་ནས“གྲོང་འབྲེལ་ཏང་ཨུད”ཀྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལམ་སྲོལ་དང་ལས་ཀའི་འཆར་གཞི་བཟོས་ཏེ“གྲོང་འབྲེལ”ས་ཁོངས་ནང་གི་འགལ་ཟླ་དང་རྩོད་གཞི་ཕྱོངས་ཡོངས་ནས་གྲལ་བཤེར་དང་བསལ་བ་དང་ཆབས་ཅིག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་འགལ་ཟླ་དང་རྩོད་གཞི་ཁག་6མཉམ་དུ་བསལ་ཡོད་པ་རེད།
སྙན་རོང་གྲོང་རྡལ་གྱི“གྲོང་འབྲེལ་ཏང་ཨུད་གཉིས་པས”ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཤུགས་རྒྱག་གཞིར་བྱས་ནས“རི་གཉིས་དངུལ་ཁང”བཙུགས་ཏེ“གད་སྙིགས་ཚུར་བསྡུ་དང་+ཐུམ་རྒྱག་ཕྱིར་ཚོང་+ ལྗང་མདོག་སྒོ་རྩིས་ཚོང་ཁང་གི་སྐར་གསོག་བརྗེ་སྒྱུར་+ཐོན་ལས་འཕེལ་རྒྱས་+སྤྱི་ཚོགས་སྤྱི་ཕན”བཅས་ཀྱི་བྱ་ཐབས་གསར་གཏོད་བྱས་ཏེ་མང་ཚོགས་ལ་རྒྱུན་གཏན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲོད“སྐར་མ”ཐོབ་པར་བྱས་པ་དང་འབྲེལ། སྐར་གསོག་ལ་བརྟེན་ནས་སྔོ་ཚལ་དང་། ཁྱིམ་སྤྱོད་གློག་ཆས། གཞུང་དོན་མཁོ་ཆས་སོགས་ཀྱི་ཅ་དངོས་བརྗེས་ནས་དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད། སེ་ཆེན་ཤང་གི“གྲོང་འབྲེལ་ཏང་ཨུད་གསུམ་པས” “མཉམ་སྐྲུན་མཉམ་སྐྱོང”གི་གཞི་རིམ་ཏང་རྩ་འཛུགས་དམ་འཛིན་བྱེད་གཞིར་བྱས་ནས“གྲོང་འབྲེལ”གྱི་མཉམ་སྐྱོང་ལེགས་ཆ་འདོན་སྤེལ་བྱེད་པ་དང་། “གྲོང་འབྲེལ”གྱི་ཏང་ཡོན་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་15ཐག་གཅོད་བྱས་པ་དང་དམངས་ལ་བྱ་བ་དངོས་ཁག་20ལྷག་ཙམ་བསྒྲུབས་པ་བརྒྱུད་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་བྱེད་ནུས་བཅས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།