དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱིར་གཏོང་མངགས་ཐོའི་ལས་ལ་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-22

    འདི་ནི་ལས་མིས་ཕྱིར་གཏོང་བྱ་རྒྱུའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་རྫས་ལྷུ་ལག་ཐོན་རྫས་བཟོ་བཞིན་པ།

    2023ལོའི་ཟླ་11ཚེས་20ཉིན། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་ཡུས་གཡོད་གྲོང་རྡལ་དུ་གནས་པའི་ཀྲེ་ཅང་ཡིའུ་ཀེ་ཚན་རྩལ་ཚད་ཡོད་ཀུང་སིའི་ནང་དུ་ལས་མིས་ཕྱིར་གཏོང་བྱེད་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་རྫས་ལྷུ་ལག་ཐོན་རྫས་བཟོ་བར་བྲེལ་བཞིན་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། ཁེ་ལས་དེས་ལག་རྩལ་གསར་གཏོད་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མཐའ་འཁྱོངས་བྱས་ཏེ་ཚན་རྩལ་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་རང་འགུལ་ཅན་དང་སྒྲིག་ཆས་སྒྲིག་བཀོད་ལེགས་གཏོང་སྒྱུར་བཀོད་བྱས་པ་མ་ཟད། ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་ཤུགས་ཆེན་བཏང་བས་ཁེ་ལས་ལ་ཐོན་འཚོང་མཉམ་འཕེལ་གྱི་གནས་སྟངས་ཡག་པོ་བྱུང་ཁར་ཐོན་རྫས་དག་ཡོ་རོབ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ལ་བྲིན་ཁ་རྒྱུག་པོ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།