དམངས་ཤུགས་གཅིག་སྒྲིལ། དམངས་འདོད་ལེགས་མཐུན། དམངས་འཚོར་ཕན་པ། དམངས་སེམས་དྲོས་པ།
—— ལྷོ་ཁ་གྲོང་ཁྱེར་གྱིས“གཞི་རིམ་དུ་སྐྱོད་པ་བཞི”ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས“གཞི་རིམ་དུ་སྐྱོད་པ་བཞིའི”ཕུལ་བྱུང་སྲོལ་རྒྱུན་སློབ་སྦྱོང་ནན་ཏན་དང་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་མང་ཚོགས་ཀྱི་སྒོ་འགྲམ་དུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པར་སྐུལ་འདེད་བཏང་སྟེ་མང་ཚོགས་བློ་ཡིད་ཚིམ་ཚད་ལ་གཞིགས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི“སྤུས་ཚད”མཐོ་རུ་བཏང་བ་རེད།
སྲིད་ཇུས་སྒྲོག་འགྲེལ་བྱས་ནས། ཏང་གི་གསུང་སྒྲས་དམངས་ཤུགས་བསྒྲིལ་བ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་། རིམ་ཁག་ཏང་ཡོན་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོ་དང་མང་ཚོགས་ཁྲོད་དུ་བསྐྱོད་དེ“མང་ཚོགས་ཀྱི་སྐད་ཆ”བཞིན་ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་སྒྲོག་འགྲེལ་བྱས་པས། མང་ཚོགས་ལ་ཕན་པ་གང་ནས་ཐོབ་པ་དང་དྲིན་ལན་སུ་ལ་འཇལ་དགོས་པ་རྟོགས་སུ་བཅུག་པ་དང་། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ཀུན་ལ་ཁྱབ་པར་བྱས་པ་རེད།
གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་སོགས་ཀྱིས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་ཞིང་ནང་དང་མུ་ཁར་བསྐྱོད་ཅིང་། ཞིང་ལས་ཀྱི་བྲེལ་གསེང་སྤྱད་དེ་ངོ་འཕྲད་སྒྲོག་འགྲེལ་དང་བར་ཐག་མེད་པར་ཞབས་འདེགས་ཞུས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་མང་ཚོགས་ཀྱི་སེམས་ལ་རྒྱུག་པར་བྱས་པ་རེད།
བརྟག་དཔྱད་ཞིབ་འཇུག་བྱས་ནས། ཐབས་ཇུས་བཀོད་སྒྲིག་དམངས་འདོད་དང་བསྟུན་པ།
ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། “གནས་ཚུལ་དངོས་འཚོལ་བའི”ཁྲོད་སྒུལ་ཤུགས་ཆེ་རུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་བརྟག་ཞིབ་འཆར་འགོད་དང་། ལས་གཞིར་ཞིབ་འཇུག ཞིབ་བཤེར་གོང་ཞུ་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་ནས་དུས་ཐོག་ཏུ་ལས་ཀའི་དྲན་སྐུལ་བཏང་བ་དང་རིམ་ཁག་ཏང་ཨུད(ཏང་ཙུའུ)ལ་མཛུབ་ཁྲིད་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་འཆར་འགོད་དང་ལས་དོན་ཡག་པོ་བསྒྲུབས་ནས། བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ནས་ལག་ལེན་དངོས་སུ་འགྱུར་བར་བྱས་ཡོད།
ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱིས་གཞི་རིམ་ལ་བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་བསྡུ་ལེན་བྱས་པ། དུས་ཐོག་ཏུ་གསེད་བཀྲོལ་ལེགས་སྒྲིག་བཅས་བྱས་ཏེ་ཆུ་མཁར་གྲོང་ཚོའི་ཚོགས་ཆུང་དང་པོའི་འཐུང་ཆུའི་དཀའ་ངལ་བསལ་ཡོད། མཚོ་སྣ་གྲོང་ཁྱེར་གྱིས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་ཆེད་དོན་བརྟག་ཞིབ་བྱས་ནས་རྨོ་ཞིང་ལ་སྲུང་སྐྱོང་དང་། ས་རྒོད་དང་བེད་མེད་དུ་བཞག་པའི་དྲོད་ཁང་ཆེ་མོར་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཤིང་། ཏང་ཡོན་ལས་བྱེད་པ་རྣམས་དཀའ་ངལ་མང་བ་དང་། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་ཆེ་བ། ལས་དོན་སྤེལ་མི་ཐུབ་པ་བཅས་ཀྱི་ས་གནས་དང་ཚན་པར་བསྐྱོད་ནས་གནས་ཚུལ་དངོས་ལ་རྟོག་ཞིབ་དང་བྱ་ཐབས་དངོས་འདོན་རྒྱུར་སྐུལ་འདེད་བཏང་བ་རེད།
ཡིག་འབུལ་ཞུ་བཅར་དང་ལེན་བྱས་ནས། དམངས་འཚོར་ཕན་བཏགས་པ།
ལྷོ་ཁ་གྲོང་ཁྱེར་གྱིས“མང་ཚོགས་སྒོ་རྩར་སླེབས་རྒྱུར་སྒུག་པ”ནས“མང་ཚོགས་ཀྱི་སྒོ་རྩར་སྐྱོད་པར”བསྒྱུར་ནས་གཙོ་གནད་གཤམ་སྒྱུར་བྱས་ཏེ་གཞི་རིམ་དུ་བསྐྱོད་ནས་ཡིག་འབུལ་ཞུ་བཅར་གྱི་སྣེ་ལེན་མཐའ་འཁྱོངས་ཀྱིས། གཞི་རིམ་གྱི་འཐབ་ས་དང་པོར་གནད་དོན་ཐག་གཅོད་བྱས་ནས་འགལ་ཟླ་དང་རྩོད་གཞི་འཐབ་ས་དང་པོར་བསལ་ཡོད། གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་འགལ་ཟླ་མང་སར་གཤམ་སྐྱོད་ཐེངས་14བྱས་ནས“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་སྣེ་ཁྲིད་དེ་དག་ཐེར་བྱས་པ་དང་། ས་ཁུལ་རིམ་པའི་ལས་བྱེད་པ་5ཡིས་སྣེ་ཁྲིད་དེ་ཡུན་རིང་ཐག་གཅོད་མ་བྱས་པའི་ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་8ཐག་གཅོད་བྱེད་འགན་གཙང་ལེན་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་279ངོ་བཅར་སྣེ་ལེན་ཞུ་བའི་ནང་ཞུགས་པ་དང་། ཡིག་འབུལ་ཞུ་བཅར་གྱི་དོན་གནད་117བདག་སྤྲོད་བྱས་ཁར་གྱོད་གཞི་110ཐག་གཅོད་མཐུན་སྦྱོར་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་ཞུགས་ཚོགས་འདུར་བརྟེན་ནས་ཡིག་འབུལ་ཞུ་བཅར་གྱི་དུས་བབ་ལ་དབྱེ་ཞིབ་དང་གཙོ་གནད་ལས་འགན་ལ་བཀོད་སྒྲིག་བྱས་ཏེ་གཙོ་གནད་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ལ་བཀོད་གཏོང་དང་གཅིག་གཏད་གཅིག་གི་ཐོག་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་རེད། “འགྱངས་ཆད་གཉིས”ཀྱི་གནད་དོན་བཅོས་སྒྲིག་ལ་དམིགས་ནས“ཅན་གསུམ”གྱི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། ལྟ་སྐུལ་ཐེངས་1440ལྷག་ཙམ་དང་ས་གནས་ས་ཐོག་གི་ལྟ་བཤེར་ཐེངས་36བྱས་ནས“འགྱངས་ཆད་གཉིས”ཀྱི་གནད་དོན་303ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། མང་ཚོགས་ལ་ངལ་རྩོལ་ཐོབ་ཆ་སྒོར་ཁྲི་1983.2ཕྱིར་ལེན་རོགས་བྱས་ནས་འགྱངས་ཆད་ཀྱི་ལས་གྲྭའི་དངུལ་སྒོར་ཁྲི་1309.2ཐག་གཅོད་མཐུན་སྦྱོར་བྱས་ཡོད།
ཡུལ་དངོས་སུ་གཞུང་དོན་བསྒྲུབས་ནས། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ།
ལྷོ་ཁ་གྲོང་ཁྱེར་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ“འཐབ་ས་དང་པོའི་ལས་ཀ་སྒྲུབ་ཐབས”ལག་ལེན་བསྟར་ནས། ཉིན་4ཡི་རིང་རྫོང(གྲོང་ཁྱེར)4ཡི་གྲོང་གསེབ(སྡེ་ཁུལ)8དུ་བསྐྱོད་ནས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ཤིང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་འགྲོ་ལུགས་གཉེར་བ་དང་། ས་ཆ་སྤྱོད་པ། ལས་མི་སྤྱོད་པ། རྒྱུ་ཆ་སྤྱོད་པ་བཅས་ཀྱི་ལས་དོན་ལ་མཐུན་སྦྱོར་བྱས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་འབྲེལ་ཡོད་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཐག་གཅོད་བྱེད་རིང་དུས་གཅིག་ཏུ་གཞུང་དོན་བསྒྲུབས་ཤིང་། མིག་སྔའི་བར་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་ཁག་ནས་མི་46གཤམ་ལ་བཅར་འདྲིར་ཐེངས་76མངགས་ཏེ་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་41ཐག་གཅོད་བྱས་པ་དང་། རྫོང(ལྗོངས་དང་གྲོང་ཁྱེར)ཁག་ནས་མི་གྲངས་145གཤམ་ལ་བཅར་འདྲིར་ཐེངས་293མངགས་ཏེ་མང་ཚོགས་ཀྱི་རེ་ཞུ་ཉན་ནས་སེམས་རྩ་འཁོལ་པོས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།