དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་རྒྱ་ཁྱོན “གཉིས་ཆག”གི་རྣམ་པ་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-11-21

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་ས་ཆར་ལྟ་ཞིབ་ཚད་ལེན་བྱེད་ཐེངས་དྲུག་ལས་མངོན་པར། མཚོ་སྔོན་ཞིང་ཆེན་ཡོངས་སུ་ཐང་རྒོད་ཅན་དང་བྱེ་འགྱུར་གྱི་ས་ཁྱོན་ལོ་5ཡི་རིང་མུའུ་ཁྲི་132དང་མུའུ་ཁྲི་159.45སོ་སོར་ཆག་ནས་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་རྒྱ་ཁྱོན“གཉིས་ཆག”གི་རྣམ་པ་མངོན་ཡོད།

    ཚེས་17ཉིན་མཚོ་སྔོན་གྱི་བྱེ་འགོག་བྱེ་བཅོས་དང“བྱང་གསུམ”འདུ་འགོད་ཀྱི་དུས་ཐེངས་དྲུག་པའི་སྐུལ་སྤེལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་བྱེ་འགོག་བྱེ་བཅོས་གཡུལ་ས་གཙོ་བོར་བྱེད་པའི་ལྟེ་བའི་འགག་སྒྲོལ་ཁུལ་དང་། བྱེ་འགོག་བྱེ་བཅོས་དང་ནགས་ཚལ་རྩྭ་ཐང་སྲུང་སྐྱོང་སླར་གསོའི་ལས་འགན་ཅུང་ལྕི་བའི་མཐུན་སྦྱོར་སྐུལ་འདེད་ཁུལ་གཙོ་གནད་ཐོག་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་སྤྱི་འདོམས་དང་གཙོ་གནད་ཁུལ་དུ་ཁྱབ་པའི་སྲིད་ཇུས་འཆར་འགོད་མ་ལག་འགྲུབ་རྒྱུར་སྐུལ་འདེད་བཏང་སྟེ“བྱང་གསུམ”འདུ་འགོད་ཀྱི་དུས་ཐེངས་དྲུག་པའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་ཡོད།

    མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་ཐང་རྒོད་ཅན་གྱི་ས་ཁྱོན་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། བྱེ་རླུང་གི་གནོད་འཚེ་ཚབས་ཆེ་བ་བཅས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཀྱང་ཡིན། ལོ་མང་རིང་མཐོ་གྲང་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལག་ལེན་ཁྲོད་ས་གནས་དེ་གས་མྱུག་གསོ་ཚོད་ལྟ་དང་། བྱེ་འགོག་བྱེ་འཇགས། བྱེ་སར་ནགས་བཟོ་རྩྭ་གསོ་སོགས་བྱེ་བཅོས་ལག་རྩལ་དང་བཅོས་སྐྱོང་བྱེད་སྟངས་རབ་དང་རིམ་པ་གང་ལེགས་བདམས་ཡོད།

    མཚོ་ལྷོ་ཀྲོའུ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་རྒྱ་ཁྱོན་ཅུང་ཆེ་བ་དང་བཅོས་སྐྱོང་གི་དཀའ་གནད་ཅུང་ཆེ་བའི་ས་ཁོངས་ཤིག་ཡིན་ཞིང་། དེའི་ནང་ནས་གསེར་ཆེན་རྫོང་གི་ས་གྲུ་བཞི་ཤང་ནི་སྔོན་ཆད་རྨ་ཆུའི་སྟོད་རྒྱུད་ཀྱི་བྱེ་རླུང་གི་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། ལོ་40ལྷག་ཙམ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ས་གྲུ་བཞི་ཤང་འདི་ཉིད་མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་མཐོ་གྲང་ཐན་པ་དང་བྱེ་རླུང་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་གྱི་གྲས་ཤིག་ཏུ་གྱུར་ཡོད།

    མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མཚོ་སྔོན་གྱིས་ལོ་གསུམ་ནང་བྱེ་འགྱུར་ས་ཆ་མུའུ་ཁྲི་402.76ཕྱོགས་བསྡུས་བཅོས་སྒྲིག་བྱས་ཏེ། 2030ལོར་སླེབས་སྐབས་སྤྱིའི་བཅོས་སྐྱོང་ལས་འགན་ནས་མུའུ་ཁྲི་5089.68ལེགས་སྒྲུབ་བྱ་རྩིས་ཡོད་པ་དང་། འདུ་འགོད་ཁུལ་དུ་ཤིང་རྩྭ་ཁེབས་ཚད་40%ཡན་ཟིན་རྒྱུའི་བརྩོན་ལེན་བྱས་ནས“བྱང་གསུམ”འདུ་འགོད་ཀྱི་དུས་ཐེངས་དྲུག་པའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་དང་མཉམ་དུ་ལེགས་སྒྲུབ་བྱེད་རྩིས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།