དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལོ་དགུ་བསྐྲུན་པ་བརྒྱུད་ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུ་ཤར་གཏོང་ཐུབ་ཉེར་ཡོད་པ།

    སེམས་ཀྱི་ཉི་ཟླར་མེ་འཁོར་ཤར་གཏོང་ཐུབ་གྲབས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཡེ་ཁྲོན་ཙེང་།   |     སྤེལ་དུས།  2023-11-21

    འདི་ནི་ཉེ་ཆར་ས་མཐོའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་ལྟ་ཞིབ་མེ་འཁོར་སྟག་མཆོངས་འགག་རོང་འབྲི་ཆུའི་ཟམ་ཆེན་སྒྲོལ་བཞིན་པ།

    ཟླ་11ཚེས་15ཉིན་གྱི་སྔ་དྲོར། འགུལ་རྣམ་ལྟ་ཞིབ་མེ་འཁོར་ཞིག་ས་དམ་བབས་ཚུགས་ནས་དལ་བུར་ཐོན་ཏེ་གཡུ་ལུང་གངས་རི་དང་། སྟག་མཆོངས་འགག་རོང་། ཧལ་པ་གངས་རི་བཅས་བརྒྱུད་ས་བབ་མཐོ་ཚད་སྨི་3200ཟིན་པའི་སེམས་ཀྱི་ཉི་ཟླའི་བབས་ཚུགས་སུ་བསྐྱོད།

    “འགུལ་རྣམ་ལྟ་ཞིབ་ནི་ལམ་ཐིག་ཧྲིལ་པོའི་ལས་གྲྭའི་སྤུས་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཡིན་པ་དེས་ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་ལས་གྲྭ་ཞིབ་བཤེར་རྩིས་ལེན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ནས་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་དང་སྐྱེལ་འདྲེན་གཉེར་སྐྱོང་གི་ལྡོག་རྩིས་དུས་སུ་སླེབས་པ་མཚོན་ཡོད”ཅེས་རྒྱལ་ཁབ་ལྕགས་ལམ་ཁུན་མིང་ཅུས་ཡུན་ནུབ་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཁྲེན་ཡིང་ཝུའུ་ཡིས་སེམས་འགུལ་ཐེབས་བཞིན་བརྗོད། ཁོང་གིས“མེ་འཁོར་བསྡད་དེ་མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླ་རུ་འགྲོ་གི་ཡིན”ཞེས་བརྗོད།

    ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་གྱིས་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་དང་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་འབྲེལ་མཐུད་ཐུབ་ཅིང་། དེ་ནི་རང་རྒྱལ་གྱི་དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཁྲོད་ཀྱི་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཁྱོན་རིང་ཚད་སྤྱི་ལེ་139ཡོད། ལས་གྲྭ་དེ་2014ལོར་སྐྲུན་འགོ་ཚུགས་པ་དང་། འཛུགས་སྐྲུན་པ་ཁྲི་2ཀྱིས་ལོ་དགུ་ཡི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཉེ་དུས་མེ་འཁོར་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་གཉེར་སྐྱོང་བྱེད་གྲབས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་ཐིགས་ཧྲིལ་པོར་བཙོག་ཆུ་གཙང་གསིང་ས་ཚིགས་8བཙུགས་པ་དང་། བསིངས་ཆུའི་རྫིང་བུ་40བཟོས་ཡོད། འགོག་སྲུང་སྒྲིག་བཀོད་སྨི་ངོས་གྲུ་ཁྲི་10.5བརྩིགས་པ་དང་སྤང་དང་རྩི་ཤིང་སྨི་ངོས་གྲུ་ཁྲི་18.7བཏབ་ནས་ངར་ལྕགས་རིང་པོ་དང་རི་སྔོན་ཆུ་དྭངས་ཕན་ཚུན་སྤེལ་རེས་ཀྱི་ཞི་མཐུན་འཆར་གཞི་བཀོད་ཡོད།

    ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་ལ་མེ་འཁོར་ཤར་གཏོང་ཐུབ་རྗེས། བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ལ་མེ་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད། འདི་ལས་ཡུན་ནན་ནུབ་བྱང་ས་ཁུལ་གྱི་ལྕགས་ལམ་དྲ་རྒྱའི་སྟོང་ཆ་བསྐངས་ཏེ་ས་ཁོངས་ནང་ཁུལ་གྱི་འགྲིམ་འགྲུལ་བཀོད་པ་འཐུས་སྒོ་ཚང་དུ་ཕྱིན་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    ས་དམ་གྲོང་ཁྱེར་དང་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཡུལ་སྐོར་ལས་སྒྲུབ་མི་སྣའི་ངོས་ནས་བརྗོད་ན། ལྕགས་ལམ་ཤར་གཏོང་ཐུབ་པ་ནི་མི་སེམས་ལ་སྐུལ་མ་ཐེབས་པའི་གཏམ་བཟང་ཞིག་རེད། མེ་འཁོར་བྱང་ཕྱོགས་སུ་འབྲི་ཆུ་བསྒྲལ་ནས་ཡངས་ཐང་བརྒྱུད་སེམས་ཀྱི་ཉི་ཟླར་འབྱོར་བ་དང་གཡུ་ལུང་གངས་རི་དང་། སྟག་མཆོངས་འགག་རོང་། ཧལ་པ་གངས་རི་སོགས་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་དང་། བོད་རིགས་དང་། དབྱིས་རིགས། པའེ་རིགས་སོགས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་བསྒྲལ་རྗེས་གང་དུ་སླེབས་རིམ་བཞིན་ལྟ་ན་སྡུག་པའི་ཡུལ་ལྗོངས་མཐོང་རྒྱུ་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྟག་མཆོངས་འགག་རོང་གྲོང་རྡལ་ལུའོ་སི་དབན་གྲོང་ཚོའི་ཡུལ་མི་ཏོན་ཧྲུའུ་དབྱིང་གིས་མེ་འཁོར་ཤར་གཏོང་ཐུབ་པར་རེ་སྒུག་བྱེད་ཅིང་། འདི་ལོའི་ཟླ་8པར། ཁོང་ཁྱིམ་གྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་སྒྱུར་བཀོད་བྱས་ནས་སྤྱོད་འགོ་ཚུགས་པ་དང་། རྒྱས་སྐྲུན་བྱས་རྗེས་མགྲོན་ཁང་30ཡོད་པ་མ་ཟད། ད་དུང་སྒྲོག་ཙེ་20ཁེངས་པའི་ཡུལ་སྐོར་བར་སྣེ་ལེན་ཞུ་ཐུབ་ཅིང་། ཏོན་ཧྲུའུ་དབྱིང་གིས“ངའི་ཁྱིམ་སྟག་མཆོངས་འགག་རོང་མཛེས་ལྗོངས་ཁུལ་དང་བར་ཐག་སྤྱི་ལེ་20ལྷག་ཙམ་ལས་མེད། མེ་འཁོར་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་དེ་བས་མང་བ་ཡོང་རྒྱུ་ཡིན་པས་ཚོང་ཡང་དེ་བས་ཡག་ཏུ་འགྲོ་ངེས་རེད”ཅེས་བརྗོད་།

    ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་ཤར་གཏོང་ཐུབ་པ་དེས་ལམ་རྒྱུད་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    “ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་དུམ་རང་རྒྱལ་གྱི་དར་རྒྱས་ཆེ་བའི་འགྲིམ་འགྲུལ་དྲ་རྒྱ་དང་མཉམ་འདྲེས་ཐུབ་ནས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་སོགས་རྒྱལ་སྤྱིའི་བགྲོད་ལམ་ཆེན་པོ་དང་འབྲེལ་མཐུད་ཐུབ་རྒྱུ་རེད”ཅེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འགག་སྒོ་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཁྲེན་ཅ་ཡིས་བརྗོད་པ་དང་། ཁོང་གིས“‘ས་མཐོའི་ཁྱད་ལྡན་ཡུལ་ཟོག’དེ་བས་མང་བ་དེ་བས་རྒྱ་ཆེ་བའི་ཁྲོམ་རར་འདོན་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།