དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞིས་རྩེ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

    ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་འབོར་གྲངས་དང་འཕར་ཚད་གཉིས་ཀ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    ཉིན་ཤས་གོང་། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པའི་བར། གཞིས་རྩེའི་གྲོང་ཁྱེར་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་འབོར་གྲངས་སྒོར་དུང་ཕྱུར་45.49ཟིན་ནས་དུས་མཚུངས་ལས་ལྡབ་46འཕར་བ་དེས་དུས་མཚུངས་ཀྱི་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་འབོར་གྲངས་ཀྱི་59.44%ཟིན་ནས། ཕྱིར་གཏོང་ནང་འདྲེན་གྱི་འབོར་གྲངས་དང་འཕར་ཚད་གཉིས་ཀ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ཤེས་རྟོཊ་བྱུང་བར་གཞིཊ་ན། འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས“ཨེ་ཤེ་ཡ་ལྷོ་མར་ཕྱོཊ་པའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར་སྐྲུན་པའི”འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་ཁུར་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་འདྲེས་ཧུར་ཐག་བྱས་ནས་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་བཏོད་དེ། ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པར་སྐུལ་འདེད་བཏང་བས། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་འབོར་གྲངས་སྤང་རྡོལ་ལྟར་འཕར་ཡོད་པ་རེད།

    འགག་སྒོ་འཛུགས་སྐྲུན་ཐད་སྒོ་འབྱེད་དགོས་པ་ཚང་མ་ཕྱེ་བ། སྐྱིད་གྲོང་འགག་སྒོར་ཟླ་4ཚེས་1ཉིན་ནས་མི་འགྲོ་འོང་སླར་གསོ་བྱུང་ཡོད། འགྲམ་འགག་སྒོ་ཟླ་5ཚེས་1ཉིན་ནས་ཕྱོགས་གཉིས་སུ་ཟོག་འགྲེམས་སླར་གསོ་བྱུང་བ་དང་ཟླ་9ཚེས་1ཉིན་འགྲུལ་སྐྱེལ་སླར་གསོ་བྱུང་ཡོད། ལེགས་རྩེ་འགག་སྒོ་ཟླ་11ཚེས་13ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད། ཟླ་དང་པོ་ནས་བཅུ་པའི་བར། སྐྱིད་གྲོང་དང་འགྲམ་འགག་སྒོའི་འགག་སྒྲོལ་དངོས་ཟོག་ཏུན་ཁྲི་10.82དང་འགག་སྒྲོལ་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་37.21ཟིན་ནས་དུས་མཚུངས་ལས་སོ་སོར་36.5%དང་62.9%འཕར་ཡོད་པ་དང་། རྒྱལ་མཚམས་འཛུལ་གྲོལ་བྱེད་མཁན་མི་ཐེངས་ཁྲི་16.8ཟིན་ཡོད་པ་རེད།

    སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ཐད་ཚད་བརྒལ་གསར་པ་བྱུང་བ། འདི་ལོ་ཚུན་དུ། རིམ་རྩིས་བརྒྱབ་ན་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལས་གྲྭ་15ལས་འགོ་གསར་འཛུགས་དང་ལས་འགོ་བསྐྱར་ཚུགས་བྱས་ཤིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.4གཏོང་རྩིས་ཡོད་པ་ལས་སྒོར་དུང་ཕྱུར་2.05བཏང་ཟིན་པ་དང་། ཚོང་འགུགས་མ་འདྲེན་རྣམ་གྲངས་15སྤེལ་བར་མ་དངུལ་སྒོར་དུང་ཕྱུར་1.86བཏང་བ། སྐྱིད་གྲོང་མཐའ་མཚམས་ཉོ་ཚོང་ཁྲོམ་རར་ཚོང་དུད་43ཡོང་བར་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི་1100ལྷག་ཟིན་པ་རེད།

    མཐའ་མཚམས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ། གཞིས་རྩེའི་ཕྱི་ཕྱོགས་ཉོ་ཚོང་ཐོན་ལས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པའི་གཏན་འབེབས་འགའ་ཤས(ཚོད་ལྟའི་ལག་བསྟར)བཟོས་པ་དང་། ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་13བཟོས་ནས། ཕྱི་ཕྱོགས་ཉོ་ཚོང་གི་གཉེར་སྐྱོང་བྱེད་པོ་རྒྱུན་མཐུད་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་180ལྷག་ཙམ་ཟིན་ནས་2022ལོའི་ལོ་མཇུག་ལས་20%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།