དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིག་གནས་དང་ཡུལ་སྐོར་པུས《རྒྱལ་ནང་གི་ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོང་བའི་འཆར་གཞི(2023ནས་2025ལོ་བར)》བཀྲམ་པ།

    རྒྱལ་ནང་གི་ཡུལ་སྐོར་ཁྲོམ་རའི་གཞི་ཁྱོན་ལུགས་དང་མཐུན་པའི་སྒོ་ནས་ཆེ་རུ་འགྲོ་བ་དང་སྤུས་ཚད་སྔར་བས་ལེགས་སུ་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-20

    ཉེ་ཆར། རིག་གནས་དང་ཡུལ་སྐོར་པུས《རྒྱལ་ནང་གི་ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོང་བའི་འཆར་གཞི(2023ནས་2025ལོ་བར)》བཀྲམ་པ་རེད། འཆར་གཞིར། 2025ལོར་སླེབས་སྐབས་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་རའི་གཞི་ཁྱོན་ལུགས་དང་མཐུན་པའི་སྒོ་ནས་ཆེ་རུ་འགྲོ་བ་དང་སྤུས་ཚད་སྔར་བས་ལེགས་སུ་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ནང་གི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་གྱི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་། ཡུལ་སྐོར་སྤུས་ལེགས་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་བའི་འཛད་སྤྱོད་ཉམས་ལེན་ལེགས་པོ་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་བ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ནུས་ཕྱོད་རྒྱུན་མཐུད་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་ཚད་བརྒལ་ཡོང་བ། ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ལྟ་འདོམས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཀྱི་བཅོས་སྐྱོང་ནུས་པ་སྔར་བས་ཆེ་རུ་གཏོང་བ། རྒྱལ་ནང་གི་ཡུལ་སྐོར་ཁྲོམ་རས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་ནུས་པ་སྔར་བས་མངོན་གསལ་དོད་པོ་ཡོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

    རྒྱལ་ནང་གི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་དང་། ཡུལ་སྐོར་སྤུས་ལེགས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་འཛད་སྤྱོད་ཀྱི་ཉམས་ལེན་ལེགས་སུ་གཏོང་བ། སྤྱི་པའི་ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ། གཉེར་སྐྱོང་བྱེད་པོ་ཕྱོགས་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཡུལ་སྐོར་ཁྲོམ་རའི་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། ཁྲོམ་རའི་ཕྱོགས་བསྡུས་ལྟ་འདོམས་ལ་ཤུགས་སྣོན། “ཡིད་རྟོན+”འདུ་འགོད་ལག་བསྟར་སོགས་ཕྱོགས་9ལ་དམིགས་ཏེ་ལས་འགན་གཙོ་བོ་ཁག་30བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།