ཐོག་ཁའི་འོད་ཤུགས་ཀྱིས་འབྱུང་འཕྲོད་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
ཉེ་བའི་ལོ་ཤས་རིང་། ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་ཧའེ་པོ་དབན་ཆུས་ཀྱིས་སློབ་གྲྭ་དང་། ཏང་སྲིད་ལས་ཁུངས། སྨན་ཁང་། བཟོ་ཚོང་ལས་རིགས་སོགས་ཀྱི་ཐོག་ཁར་འོད་ཤེལ་བསྒྲིགས་ནས་ཆུས་ཡོངས་ཀྱི་ཐོག་ཁའི་ལོགས་དབྱེའི་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔར། ཧའེ་པོ་དབན་ཆུས་ཀྱི་ཆུས་ཡོངས་ཀྱི་ཐོག་ཁའི་ལོགས་དབྱེའི་འོད་ཤུགས་རྣམ་གྲངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་3.2ཟིན་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཉུང་དུ་གཏོང་བར་སྐུལ་མ་ནུས་ལྡན་ཐེབས་ཏེ་ས་གནས་དེ་གའི་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད།
འདི་ནི་ཟླ་11ཚེས་16ཉིན་པར་བླངས་པའི་ཧའེ་པོ་དབན་ཆུས་མི་དམངས་སྲིད་གཞུང་གི་ཐོག་ཁང་གི་ཐོག་ཁའི་འོད་ཤེལ་ཡིན་པ།