ཏང་ཡོན་དང་བླངས་པས་ཞིང་པར་པད་ཚལ་བསྡུ་རོགས་བྱས་པ།

2023ལོའི་ཟླ་11ཚེས་17ཉིན། ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ཏུན་ཐོའུ་གྲོང་རྡལ་པའོ་ཞང་གྲོང་ཚོའི“གསར་བརྗེའི་རོགས་རམ་ཚོགས་པའི”ཏང་ཡོན་དང་བླངས་པ་ཞིང་ནང་དང་མུ་ཁར་བསྐྱོད་དེ་ངལ་རྩོལ་ནུས་ཤུགས་མི་འདང་བའི་འདེབས་འཛུགས་དུད་ཚང་ལ་དུས་ཐོག་ཏུ་པད་ཚལ་བསྡུ་རོགས་བྱས་པ་དང་འབྲེལ། ཚོང་ལམ་གཏོད་རོགས་བྱས་ནས་ཞིང་པའི་འབབ་འཕར་ལ་རམ་འདེགས་བྱས་པ་རེད། ཧའེ་ཨན་གྲོང་ཁྱེར་ཏུན་ཐོའུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཀྱི་དར་རྒྱས་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། གྲོང་ཚོ་ཁག་གིས“གསར་བརྗེའི་རོགས་རམ་ཚོགས་པའི”ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་མང་ཚོགས་ལ་དཀའ་གནད་སེལ་རོགས་ཧུར་ཐག་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་དང་ཞིང་པའི་ཕྱུག་འགྱུར་ལ་རམ་འདེགས་བྱས་ཡོད།
འདི་ནི་ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ཏུན་ཐོའུ་གྲོང་རྡལ་པའོ་ཞང་གྲོང་ཚོའི“གསར་བརྗེའི་རོགས་རམ་ཚོགས་པའི”ཏང་ཡོན་དང་བླངས་པས་ངལ་རྩོལ་ནུས་ཤུགས་མི་འདང་བའི་འདེབས་འཛུགས་དུད་ཚང་ལ་པད་ཚལ་བསྡུ་རོགས་བྱེད་བཞིན་པ།