སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ།
(པར་རིས་ནང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན)
སྐད་ནི་རྒྱལ་ཁབ་གཅིག་ཤེས་རྟོགས་བྱེད་པའི་ལྡེ་མིག་ཡག་ཤོས་རེད། མིག་སྔར་ཕྱི་རྒྱལ་བ་དེ་བས་མང་བས་རྒྱ་ཡིག་སྦྱོང་བ་དང“རྒྱ་སྐད་སྦྲེལ་ཟམ”གྱི་སྤེལ་རེས་རྣམ་གྲངས་ལ་ཞུགས་ནས། སྣ་མང་ཕུན་སུམ་ཚོགས་པ་དང་ཕྱོགས་ཡོངས་ཀྱི་ཀྲུང་གོ་ཤེས་རྟོགས་ཐུབ་ཡོད། འདི་ནི་འདི་ལོའི་ཟླ་7པར“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་སྐད་འགྲན་བསྡུར་སྐབས་ཉེར་གཉིས་པའི་ཐེ་ལན་འགྲན་ཁུལ་གྱི་མཐའ་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་ཁག་གཅིག་གིས་ས་གནས་ས་ཐོག་ཏུ་དྲན་རྟེན་པར་རྒྱག་བཞིན་པ། འདི་ག་ཚགས་པར་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕྲིན་སྤེལ་ལྟེ་བའི་ཡན་ལག་ཁང་གི་ཅི་ཏི་ཡིས་པར་བརྒྱབ།
འདི་ལོའི་ཟླ་6པར་ཀྲུང་གོ་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་བའི་ཀྲུང་ཁྲེ“ཀྲུང་གོ་དང་ལོ་སིའི་རིག་གནས་ཀྱི་ཕྱི་རྒྱལ་སྤེལ་རེས་ཚོགས་འདུ”ལོ་སིའི་ཝན་ཐེན་དུ་འཚོགས་པ་དང་། ལོ་སིའི་དམངས་ཚོགས་ཀྱིས་ཐག་ཉེ་ས་ནས་སྔོན་ཐོན་གྱི་ལྕགས་ལམ་མེ་འཁོར་གྱི་ཚན་རྩལ་དང་ལྕགས་ལམ་རིག་གནས་མྱོང་རོལ་ཐུབ་ཀྱི་ཡོད། འདི་ནི་བྱེད་སྒོར་ཞུགས་མཁན་ཝན་ཐེན་ཙུང་ཕེ་སློབ་འབྲིང་གི་སློབ་མ་ཡིན་པ།
འདི་ག་ཚགས་པར་གྱི་གསར་འགོད་པ་སུན་ཀོང་ཡུང་གིས་པར་བརྒྱབ།
ཀྲུང་གོའི་དཔྱིད་གསར་དུས་ཆེན་ནི་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོས་ཀྲུང་གོའི་སྲོལ་རྒྱུན་གྱི་དཔྱིད་གསར་དུས་ཆེན་གྱི་རིག་གནས་དང་དམངས་སྲོལ་གྱི་ལོ་གསར་ཉམས་འགྱུར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོར་ཁྱབ་པར་བྱེད་ཀྱི་ཡོད། འདི་ལོའི་ཟླ་དང་པོར་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོ་རུ་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཞིང་། འདི་ནི་ལྟད་མོ་བ་ཚོས་སེང་རྩེད་ལ་ལྟ་བཞིན་པ།
ཆི་ལི་གནམ་བདག་ཆོས་ལུགས་སློབ་ཆེན་ཁུང་ཙི་སློབ་གླིང་གིས་པར་རིས་མཁོ་འདོན་བྱས་པ།
མིག་སྔར་ཀྲུང་གོའི་སྒྲིག་གཞི་32ཀྱིས་ཕྱི་རྒྱལ་དུ་བསྐྱོད་ནས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་36ལག་བསྟར་བྱས་པ་དང་། ཕྱི་རྒྱལ་གྱི་ཚན་ཞིབ་སུའོ་དང་རྟེན་མཛོད་ཁང་སོགས་40ལྷག་ཙམ་དང་འབྲེལ་བ་བཟང་པོ་བཙུགས་ནས། ཤེས་ལྡན་པ་གསོ་སྦྱོང་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདི་ནི་འདི་ལོའི་ཟླ་ལྔ་པར་ཀྲུང་ཨེ་ལུའུ་ཁེ་སུའོ་མོང་ཐུའུ་ལྷ་ཁང་གི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཀྱི་ཁོངས་མིས་ཨེ་ཅིབ་ཀྱི་ལུའུ་ཁེ་སུའོ་རུ་ལས་ཀ་བྱེད་བཞིན་པ། ཀའོ་ཝེ་ཡིས་པར་བརྒྱབ།
ལོ་མང་རིང་ཀྲུང་ལུགས་གསོ་རིག་སྨན་ཁང་དང་། ཀྲུང་ལུགས་གསོ་རིག་སྒོ་བསྟེན་སྨན་ཁང་། ཞིབ་འཇུག་སྒྲིག་གཞི་སོགས་གཞི་རྟེན་དུ་བྱས་ནས། ཀྲུང་ལུགས་གསོ་རིག་རྒྱལ་ཁབ་ནས་ཐོན་པ་དང་འཛམ་གླིང་ཕྱོགས་སུ་བསྐྱོད་ཡོད། འདི་ནི་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་གསེར་ཁབ་ཆེད་ལས་ཀྱི་སློབ་མས་ཨ་ཧྥེ་རི་ཁའི་ཀྲུང་ལུགས་གསོ་རིག་དང་གསེར་ཁབ་ལྟེ་གནས་སུ་ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ལག་ལེན་གྱི་སློབ་ཚན་འཚོག་བཞིན་པ། ཧོང་ཧྥང་ཧུའེ་ཡིས་པར་བརྒྱབ།
ཀྲུང་གོའི་དྲག་རྩལ་ལ་འཛམ་གླིང་ཡོངས་རྒྱུས་མངའ་ཆེན་པོ་ཡོད། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོའི་དྲག་རྩལ་ལ་དགའ་པོ་ཡོད་པ་དང་ཐའེ་ཅི་དྲག་རྩལ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་ཅིང་། འདི་ནི་འདི་ལོའི་ཟླ་9པར་ཨ་ཀེན་ཐིན་གྱི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སིར་གནས་པའི་ཨ་ཀེན་ཐིན་གྱི་སྤྱི་དམངས་དྲག་རྩལ་སྤྲོ་སྐྱིད་ཁང་དུ་ཀྲུང་གོའི་རྩལ་ཁྲིད་པས་སློབ་མར་ཐའེ་ཅི་དྲག་རྩལ་སློབ་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་སུང་དབྱི་རན་གྱིས་པར་བརྒྱབ།
2022ལོར་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་ལུའུ་པན་བཟོ་ཁང་ཐོག་མ་དེ་ཐ་ཇིག་སི་ཐན་དུ་གཉེར་སྐྱོང་བྱེད་འགོ་ཚུགས་ནས། ཐ་ཇིག་སི་ཐན་དུ་ལས་རིགས་གསོ་སྦྱོང་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། འདི་ནི་འདི་ལོའི་ཟླ་4པར་ཐ་ཇིག་སི་ཐན་གྱི་ལུའུ་པན་བཟོ་ཁང་དུ་ཐ་ཇིག་སི་ཐན་ཕྱོགས་ཀྱི་དགེ་རྒན་ཆེ་མོ་བས་སློབ་མར་ཀྲུང་གོས་ཞལ་འདེབས་བརྒྱབ་པའི་སྒྲིག་ཆས་ངོ་སྤྲོད་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཡན་ཧོན་གྱིས་པར་བརྒྱབ།
ཡུལ་སྐོར་ནི་རྒྱལ་ཁབ་མི་འདྲ་བ་དང་རིག་གནས་མི་འདྲ་བ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་གོར་སི་ཕེན་གྱི་རིག་གནས་ཡུལ་སྐོར་ལོའི་སྒྲོམ་གཞིའི་འོག འབྲེལ་ཡོད་བྱེད་སྒོས་ཀྲུང་གོ་དང་སི་ཕེན་དབར་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། འདི་ནི་ཟླ་7ཚེས་3ཉིན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་གྱིས་སི་ཕེན་གྱི་རྒྱལ་ས་མ་ཏེ་རིའི་བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་གོའི་ཡུལ་སྐོར་གྱི་དྲིལ་བསྒྲགས་འོས་སྦྱོར་པར་རིས་ལ་ལྟ་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཡན་ཧོན་གྱིས་པར་བརྒྱབ།
གནའ་བོའི་དར་གོས་ལམ་བུ་ལེ་དབར་ཁྲི་ལ་ཁྱབ་པ་དང་། ལོ་ངོ་སྟོང་རྒྱུན་མཐུད་པ། ཤར་ནུབ་སྦྲེལ་མཐུད་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གཏམ་རྒྱུད་ཀྱི་བདེན་དཔང་བྱས་ཡོད། ད་ཆ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཀྲུང་གོས་ཕྱོགས་ཁག་དང་རིག་གནས་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་དང་། རིག་གནས་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཟབ་ཏུ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་མི་ཆོས་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།