དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཞིང་ལས་འགྲེམས་ཚོགས་ཐོག་བོད་ཀྱི་ཐོན་རྫས་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-20

    ཉེ་དུས། ཧུའུ་ནན་ཁྲང་ཧྲ་རུ་སྤེལ་བའི་ཞིང་ལས་འགྲེམས་ཚོགས་སྐབས་ཉེར་བཞི་པའི་ཐོག་རང་ལྗོངས་ཀྱིས་ཞིང་ལས་དང་འབྲེལ་བའི་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་36འགྲེམས་སྟོན་ནང་ཞུགས་རྒྱུ་སྒྲིག་འཛུཊ་བྱས་ཏེ། ནས་ཆང་དང་རའི་ཁུ་ལུ་ལས་སྣོན་ཐོན་རྫས་སོཊ་ས་མཐོའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་སྣ་ཁ་170ལྷག་ཙམ་འགྲེམས་སྟོན་བྱས་ཏེ། ཧུའུ་ནན་ཞིང་ཆེན་དང་ཀྲུའུ་ཧའེ་གྲོང་ཁྱེར་སོགས་ཀྱི་ཁེ་ལས་5དང་བདེ་བླག་ངང་གན་རྒྱ་བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་6ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་འགྲེམས་ཚོགས་སྐབས་ཉེར་བཞི་པའི་ཐོག“བོད་ཀྱི་ནས”དང“བོད་ཀྱི་རའི་ཁུ་ལུའི”རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཉིས་འོས་སྦྱོར་བྱས་པས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ཡོད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ལ་ཞིང་ལས་འགྲེམས་ཚོགས་སྐབས་ཉེར་བཞི་པའི་སྒྲིག་འཛུགས་ཨུ་ལྷན་གྱིས“ཕུལ་བྱུང་སྒྲིག་འཛུགས་བྱ་དགའ”སྤྲད་པ་དང་བོད་ལྗོངས་ཡར་ཀླུང་ཤའོ་ཤང་དཔལ་འབྱོར་ཚོང་དོན་རིག་གནས་ཚད་ཡོད་འགན་འཁྲི་ཀུང་སི“ཕྱིར་ཚོང་ཁེ་ལས་སྟོབས་ཆེན་བཅུའི”གྲས་སུ་བདམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།