དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སེམས་པ་ཏང་ལ་ཕྱོགས་ནས་ཉེན་རྟོག་བླ་སྲོག་གཏོད། འཐབ་འཛིང་ཞུམ་མེད་དུས་བདེ་སྲུང་སྐྱོང་བྱེད།

    ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་གཏོད་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-20

    འདི་ནི་འདི་ལོའི“བདུན་གཅིག”ཏང་འཛུགས་དུས་ཆེན་གྱི་ཉིན་མོར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཏང་ཡོན་དང་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཏང་ཞུགས་དམ་བཅའ་ཡང་བསྐྱར་འཇོག་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་དང་འབད་འབུངས་ཆེན་པོས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི”བྱེད་སྒོ་སྤེལ་བ་དང་། མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ་རྩ་བར་བཟུང་ནས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་སྟེ། ཏང་ཨུད་ཀྱིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་དང་། ལས་ཁུངས་ཀྱི་ཏང་ཨུད་ཀྱིས་སྤྱི་འདོམས་མཐུན་སྦྱོར། སྤྱི་ཁྱབ་ཀྲི་པུས་ཇུས་འགོད་དང་སྐུལ་མ་གཏོང་བ། ཀྲི་པུས་དོན་འཁྱོལ་ཞིབ་ཕྲ་བཅས་ཀྱི་ཏང་འཛུགས་སྐྱོང་གི་ལས་ཀའི་རྣམ་པ་གསར་པ་འཐུས་སྒོ་ཚང་དུ་བཏང་སྟེ། “དུས་བདེའི་ཏང་འཛུགས་སྐྱོང”གི་སྤུས་རྟགས་གཏོད་པའི་འདུ་འགོད་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ་རེད།

    སྤུས་རྟགས་བཏོད་ནས་གཤིས་སྤྱོད་ཡག་པོ་འཛུགས་པ།

    ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཀྲི་པུའུ་30ཡིས་ཚད་ལྡན་དང་། གཞུང་དྲང་། ཡ་རབས་བཅས་ཀྱི་ཁྲིམས་སྒྱུར་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་ནས་ཏང་ཀྲི་པུའི་སྣེ་ཁྲིད་ནུས་པ་བཏོན་ཏེ་ཆབ་སྲིད་ཀྱི་ནུས་པ་ཆེ་བ་དང་། ཀྲི་པུའི་ཚན་ཁག་སྟོབས་ཆེ་བ། ཏང་ཡོན་གྱི་དཔུང་ཁག་སྟོབས་ཆེ་བ། ནུས་པ་ཆེན་པོ་འདོན་པ་བཅས་ཐུབ་པར་བྱས་ནས། ཏང་འཛུགས་སྐྱོང་གི་ལས་དོན“མངོན་གསལ་ཁྱབ་པ”ནས“ནུས་ལྡན་ཁྱབ་པའི”བར་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཉིང་ཁྲི་ཡུན་རིང་བདེ་འཁོད་ཡོང་ཆེད་སྤྱི་བདེའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་ཀྱི་སློབ་སྦྱོང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། ལྷག་བསམ་རྣམ་དག་གི་ཉེན་རྟོག་པའི་བླ་སྲོག་གཏོད་པ། ཉེན་རྟོག་པའི་སེམས་པ་ཏང་ལ་ཕྱོགས་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ལ་བརྩིས་ནས་ཏང་ཨུད་ཀྱིས་སྣེ་ཁྲིད་ནས་སློབ་སྦྱོང་དང་། སྤྱི་ཁྱབ་ཀྲི་པུས་སློབ་སྦྱོང་ལ་སྐུལ་འདེད། ཀྲི་པུས་རྗེས་སྙེག་སློབ་སྦྱོང་བཅས་བྱེད་ཐབས་གཙོ་བོར་བྱེད་པ་དང་ཀྲི་པུའི་གཟའ་འཁོར་རེའི་འཆར་ཅན་ཚོགས་འདུའི་ལམ་ལུགས་དམ་འཛིན་བྱ་གཞིར་བྱས་ཏེ། ཟླ་རེར་ཏང་ཨུད་ཀྱིས་ངེས་པར་དུ་སློབ་སྦྱོང་དང་། ཀྲི་པུའུ་ཚང་མས་ངེས་པར་དུ་བརྒྱུད་བསྒྲགས། ནང་དོན་ཚང་མར་ཁྱབ་པ་བཅས་ཀྱི་སློབ་སྦྱོང་གི་ལམ་སྲོལ་ཆགས་པར་བྱས་ནས། ཉེན་རྟོག་པ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་ཐུབ་པའི་འགན་ལེན་བྱས་པ་དང་། ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པ་ཚང་མས་རྩ་བ་ཡོད་ན་ཡལ་འདབ་རྒྱས་ཐུབ་པ་དང་ཆུ་འགོ་ཡོད་ན་དྲག་ཏུ་རྒྱུག་ཐུབ་པར་ངོས་འཛིན་གང་ལེགས་ཐུབ་པར་བྱས་པ། ཏང་ཡོན་གྱིས་ངེས་པར་དུ་དད་སེམས་བརྟན་པོ་བཅངས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་བླང་བྱ་ལས་དོན་ཞིབ་ཕྲར་དོན་འཁྱོལ་ཐུབ་པར་བྱས་ཡོད།

    ཚན་ཁག་སྟོབས་ཆེར་བཏང་ནས་དྲང་ནུས་ངོམ་པ།

    གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཀྲི་པུའུ་ཁག་གིས་ཏང་གི་བླང་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་མི་དམངས(ལས་རོགས)ཉེན་རྟོག་པའི་བྱ་སྤྱོད་ཞིབ་ཕྲར་དོན་འཁྱོལ་བྱེད་པར་ཤུགས་སྣོན་བརྒྱབ་ཡོད། “སྣེ་ཁྲིད་པའི”འདུ་འགོད་ལག་ལེན་བསྟར་ཏེ་ཀྲི་པུའུ་ཧྲུའུ་ཅིའི་འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་བཅས་གསོ་སྦྱོང་ཤུགས་ཆེན་བྱས་ཏེ་ཁོ་ཚོར་ལས་སྒྲུབ་ཐད་འབད་བརྩོན་བྱེད་དུ་བཅུག་པ་དང་། བཀོད་འདོམས་པ་དང་བརྒྱུད་བསྒྲགས་པ་མི་བྱེད་པར་ཀྲི་པུའུ་ཧྲུའུ་ཅིས་དུས་རྒྱུན་ནས་ནུས་ཤུགས་བཏོན་ཏེ་གནད་དོན་མཐོང་ཐུབ་པ་དང་། བྱ་ཐབས་འཚོལ་ཐུབ་པ། ཕན་མེད་ལས་ཀ་མི་བྱེད་པར་ཕན་འབྲས་ཐོན་པར་སྣང་ཆེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། དུས་དང་རྣམ་པ་ཀུན་ཏུ་མཐུན་སྒྲིལ་ལ་སྣང་ཆེན་གྱིས་ཀྲི་པུའི་ཚན་ཁག་ལ་མཐུན་སྒྲིལ་བྱེད་པའི་ངོ་བོ་ནི་རྩ་དོན་གྱི་མཛུབ་ཁྲིད་འོག་མི་དང་མིའི་དབར་མཉམ་འདྲེས་ཡག་པོ་བྱས་ནས་སྐད་ཆ་གསལ་པོ་ཤོད་པ་དང་། གནས་ཚུལ་ངོ་མ་རྗོད་པ། བརྩེ་སེམས་དངོས་ལ་རྟེན་པ། ལྟ་སྐུལ་བྱེད་མཁས་པ་དང་སྣེ་ཡག་པོ་འཁྲིད་པ་བཅས་བྱས་ནས་ཏང་ཡོན་གྱི་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པས་ཏང་ཡོན་ཚང་མའི་གཤིས་རྒྱུད་དང་ཁྱད་ཆོས་དང་གཞི་རྩའི་གནས་ཚུལ་ཤེས་རྟོགས་རགས་ཙམ་བྱས་ནས་ཁྱད་ཆོས་གང་ལེགས་འདོན་དགོས་པའི་བླང་བྱ་བཏོན་ཡོད། དུས་མཚུངས་སུ། ཀྲི་པུས་གྲོས་བསྡུར་བྱས་ནས་གཏན་འབེབས་བྱས་པའི་དོན་དག་ལ་མཚམས་ཚིགས་རེ་རེ་བཞིན་ལ་དམ་འཛིན་ཡག་པོ་བྱས་ཏེ། ཉུང་བསགས་མང་སྒྲུབ་དང་ཆུང་བསགས་ཆེ་སྒྲུབ་བྱས་པ་དང་། ལས་འགན་གལ་ཆེན་སྒྲུབ་རིམ་བཞིན་ཉེན་རྟོག་ཡོངས་སྒྲིག་འཛུགས་བྱས་ནས་གྲོས་བསྡུར་བྱས་ཏེ་ཚང་མར་ཐུན་མོང་དུ་དྲིས་ལན་འཚོལ་དུ་འཇུག་པ་དང་ལུགས་མཐུན་གྱི་གྲོས་འགོ་འདོན་དུ་བཅུག་ཡོད། ཉེ་བའི་ལོ་ཤས་རིང་ཅུས་དེས་སྔ་རྗེས་སུ་ཏང་དོན་ལས་བྱེད་པ་80ལྷག་ཙམ་གོ་གནས་སྤར་བ་དང་ཏང་ཡོན་140ལྷག་ཙམ་གྱི་གོ་མིང་སྤར་ཡོད།

    “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དོན་འཁྱོལ་གྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པ་ནི་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་དང་ཏང་ཀྲི་པུའུ་ཁག་གི་གཙོ་གནད་ཅིག་རེད། ཉེ་བའི་ལོ་ཤས་རིང་། ཅུས་དེས་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། ཏང་ཀྲི་པུའུ་ཁག་གི་ཧྲུའུ་ཅིའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མགྱོགས་མྱུར་ཆེ་རུ་ཕྱིན་པ་དང་། རྒྱ་ཆེའི་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ལས་སྒོའི་ནུས་པ་ལག་ལེན་བསྟར་རིང་ཞིབ་དཔྱད་ཐུབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཉིང་ཁྲིའི་མང་ཚོགས་ཀྱིས་ས་གནས་དེ་གའི་བདེ་འཇགས་བརྟན་ལྷིང་ལ་བློ་ཡིད་ཚིམ་ཚད་99%ཟིན་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཡུལ་སྐོར་བ་མང་པོ་ཞིག་གིས། ཉིང་ཁྲིའི་ཁྲོམ་གཞུང་དུ་སྐྱོད་སྐབས་བདེ་སྣང་ཟབ་མོ་ཚོར་གྱི་འདུག་ཅེས་སེམས་འགུལ་ཐེབས་བཞིན་དུ་བརྗོད།

    བཀྲག་མདངས་འཚེར་ས་བཏོད་ནས་སྤུས་རྟགས་ཤུགས་ཆེར་བཏང་བ།

    གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་སྤྱི་བདེའི་འགན་འཁྲི་དང་ལས་འགན་མཉམ་འདྲེས་གཏིང་ཟབ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་སྤྱི་བདེའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་བླང་བྱ་གསར་པར་དམིགས་ཏེ། སྤུས་རྟགས་གཏོད་པའི་བསམ་ཕྱོགས་ཁ་གསལ་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་གི་ཐོན་ཁུངས་བསྡུ་སྒྲིལ། སྤུས་རྟགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་ཚན་རིག་དང་མཐུན་པའི་ངང་སྔོག་འདོན་དང་སྙིང་བསྡུས་བྱས་ནས། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས“དུས་བདེའི་ཏང་འཛུགས་སྐྱོང”ལ་གཏན་འཁེལ་བྱས་པ་རེད། དེ་དང་ཆབས་ཅིག་སྤུས་རྟགས་དེ་གཏོད་པར་དམིགས་ནས་བསམ་བློ་དང་བྱ་སྤྱོད་ཀྱི་ནང་དོན་དང་ཁྱབ་རྒྱ་ཆེ་རུ་བཏང་སྟེ། མཚོན་རྟགས་ལ“སེམས་པ་ཏང་ལ་ཕྱོགས་ནས་ཉེན་རྟོག་བླ་སྲོག་གཏོད། འཐབ་འཛིང་ཞུམ་མེད་དུས་བདེ་སྲུང་སྐྱོང་བྱེད”ཅེས་བཀོད་ཡོད།

    ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏན་འཁེལ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྤྱི་ཡོངས་ཀྱི་ཏང་སྤྱི་ཁྱབ་ཀྲི་པུའུ་4དང་། ཏང་ཀྲི་པུའུ་30 ཏང་ཡོན་དང་མི་དམངས(ལས་རོགས)ཉེན་རྟོག་པ་400ལྷག་ཙམ་བཅས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཏང་སྤྱི་ཁྱབ་ཀྲི་པུའུ་ཁག་གི་གྲུབ་ཆའི་སྡེ་ཚན་གྱི་འགན་ནུས་རང་བཞིན་དང་སྤྱི་ཁྱབ་ཀྲི་པུའུ་ཡི་ལས་དོན་སྤེལ་ཚུལ་ལ་གཞིགས་ནས། སྤྱི་བདེ་ཅུས་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པའི་བརྒྱུད་རིམ་དུ“སྲུང”དང་། “བདེ”“འཐབ”“རྩོད”བཅས་ཀྱི་འགག་རྩའི་ཡིག་འབྲུ་4ཕྱོགས་སྡོམ་བྱས་པ་དེ་ནི་དུས་རབས་གསར་པའི་ཉིང་ཁྲིའི་སྤྱི་བདེས་དུས་བདེ་སྲུང་སྐྱོང་དང་དཔའ་ངར་ཆེར་བསྐྱེད་ཀྱིས་དམག་འཐབ་བྱེད་པའི་ཚད་མཐོའི་ནང་དོན་མདོར་བསྡུས་ཤིག་དང་། དུས་རབས་གསར་པའི་ཉིང་ཁྲིའི་སྤྱི་བདེས་འཕེལ་རྒྱས་མཉམ་འདྲེས་དང་བསམ་སྤྱོད་གཅིག་མཐུན་བྱེད་པའི་མཐུན་སྒྲིལ་གྱི་འགན་འཁྲི་འཁུར་སེམས་ཤིག་ཡིན་ལ། དེ་བས་ཀྱང་རྒྱང་ལམ་གསར་པར་ཉིང་ཁྲིའི་སྤྱི་བདེས་འབད་འཐབ་ཆེན་པོ་དང་ལག་བསྟར་ཏན་ཏིག་བྱེད་པའི་སྙིང་སྟོབས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།