དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསམ་གྲུབ་རྩེ་ཆུས་ཀྱིས་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཡག་པོ་བཅུ་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-20

    ཉེ་ཆར། བསམ་གྲུབ་རྩེ་ཆུས་ཨུད་རྩ་འཛུགས་པུས་2023ལོའི“ཇོ་མོ་གླང་མའི་སྣེ་ཁྲིད”ཏང་འཛུགས་སྐྱོང་གི་སྤུས་རྟགས་ཡག་པོ་བཅུའི་དཔྱད་འདེམས་འགྲན་བསྡུར་སྒྲིག་འཛུགས་བྱས་ནས། རིམ་ཁག་ཏང་རྩ་འཛུགས་ལ་དཔྱད་བསྡུར་སྤེལ་རེས་བྱེད་རིང་བཀྲག་མདངས་འཚེར་ས་མངོན་པ་དང་ཧེ་བག་འཚོལ་བར་ཁྲིད་སྟོན་བྱས་ཏེ། བསམ་བློ་སྤེལ་རེས་བྱེད་རིང་ཁ་ཕྱོགས་དང་དམིགས་ཚད་གཏན་འཁེལ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ལ་ཁྱོན་ཏང་རྩ་འཛུགས་35ཞུགས་ཡོད་པ་དང་། འགྲན་བསྡུར་སྐབས་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཀྱི་མིང་དང་། ནང་དོན། དམིགས་ཚད། དེ་བཞིན་འཛུགས་གཏོད་བྱ་ཐབས་སོགས་དང་ཟུང་འབྲེལ་བྱས་ནས“བརྙན་ལམ+PPT”གྱི་བྱ་ཐབས་བརྒྱུད་རང་སོ་སོའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གསར་གཏོད་བྱ་ཐབས་དང་གྲུབ་འབྲས་མངོན་གསལ་དོད་པོ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་འབྲེལ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྒྱུར་བཅོས་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དམངས་འཚོར་ཞབས་འདེགས་ཞུ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྟངས་དང་དཔེ་མཚོན་ཉམས་མྱོང་ངོ་སྤྲོད་བྱས་པ་རེད། དཔྱད་འདེམས་འགྲན་བསྡུར་བརྒྱུད་གཞི་རིམ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱི་བསྡུར་སློབ་སྙེག་བརྒལ་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ། ཏང་འཛུགས་སྐྱོང་གི་ལས་དོན་དང་ལྟེ་བའི་ལས་འགན་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་འདེད་ལ་སྐུལ་མ་ཐེབས་ནས་བསམ་གྲུབ་རྩེ་ཆུས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།