ལྷུན་གྲུབ་རྫོང་ཕུ་མདོ་ཤང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཉེན་བརྡའི་སློབ་གསོའི་བྱེད་སྒོར་ཞུགས་པ།
ཉེ་ཆར། ལྷུན་གྲུབ་རྫོང་ཕུ་མདོ་ཤང་ལས་ཁུངས་ཀྱི་ཏང་ཀྲི་པུས་ལས་ཁུངས་ཀྱི་ཏང་ཀྲི་པུའི་ཏང་ཡོན་དང་ཤང་གི་ལས་བྱེད་པ་དང་ལས་བཟོ“ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་བྱེད་སྒོར་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ཏང་སྲོལ་སྲིད་གཙང་གི་སློབ་གསོ་དང་ལེན་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། ཏང་ཡོན་དང་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་འགྲེལ་བཤད་རྒྱག་མཁན་གྱི་རྗེས་སུ་འབྲངས་ནས་ལྷ་ས་གྲོང་ཁྱེར་གྱི“ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”སྤྱོད་གཙང་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་། འགྲེམས་སྟོན་གྱི་ནང་དོན་གྲས་སུ་གཙོ་བོ་ལྐོག་ཟ་རུལ་སུངས་བྱེད་མཁན་གྱིས་ལྐོག་ཟ་རུལ་སུངས་བྱས་པའི་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་དང་། ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་འགྱོད་བཤགས་ཟིན་ཐོ། སློབ་གསོའི་གློག་བརྙན《ཐར་པར་གཏན་ནས་མི་གཏོང་བ》སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། བྱེད་སྒོ་དེ་ལས་ཕྱོགས་ཡོངས་དང་། ངོས་མང་བ། ཐད་མཐོང་ཆེ་ཤོས་བཅས་ཀྱི་སེམས་ཁམས་སྤེལ་རེས་ཐུབ་ཡོད། བྱེད་སྒོར་ཞུགས་མཁན་ཚོས། ཉེན་བརྡའི་སློབ་གསོའི་རྣམ་པ་ཐད་མཐོང་དང་། གསོན་ཉམས་དོད་པ། སློབ་གསོ་ཐེབས་ནུས་ཆེ་བ་བཅས་ཡོད་པས་སེམས་ལ་ཉེན་ཟོན་སློབ་གསོའི་སློབ་ཚན་ངོ་མ་ཞིག་འཚོགས་པའི་མྱོང་ཚོར་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།