མཚོ་སྔོན་གྱིས་ས་མཐོའི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་བཏང་བ།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བས་བྱེ་ཐང་ནས་སྔོ་ལྗང་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། བྱེ་རླུང་ལྡང་བའི་གནམ་གཤིས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་བྱེ་རླུང་ལྡང་ཤུགས་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད་པ་རེད། 2014ལོ་དང་བསྡུར་ན་ཞིང་ཆེན་ཡོངས་ཀྱི་བྱེ་འགྱུར་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་159.45ཉུང་དུ་ཕྱིན་པ་དང་། བྱེ་འགྱུར་ས་ཞིང་དུ་ཆ་སྙོམས་སྔོ་ཁེབས་ཁྱབ་ཚད་16.58%ནས་21.13%བར་མང་དུ་ཕྱིན་པ། ཐང་རྒོད་ཅན་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་ཆུང་དུ་ཕྱིན་པ། བྱེ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ལྗང་མདོག་སྲུང་ཡོལ་དེ་བས་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད། འདི་ནི་ཉེ་ཆར་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཞིང་པས་བྱེ་འགོག་བྱེ་བཅོས་ཁུལ་དུ་རྩྭའི་དྲ་མིག་བཟོ་བཞིན་པ།